ལྷ་ས་གྲོང་མིའི་ཞབས་ཞུ་ལྟེ་གནས་འཛུགས་བསྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-02-23 10:16:00 ཀློག་གྲངས།:

            ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་འཛུགས་བསྐྲུན་ལས་ཀ་མཇུག་སྒྲིལ་གྲབས་ཡོད་པ་དང་།  ཞབས་ཞུ་ལྟེ་གནས་སུ་བཅའ་སྡོད་བྱེད་མཁན་ཁག་དང་པོའི་ཚན་པ21གིས་ཞབས་ཞུའི་ལས་དོན་སྤེལ་ཚུན་འཁོར་རྒྱུག་ལེགས་པ་དང་ལས་ཕྱོད་མཐོ་བ།  ཚད་ལྡན་བཅས་བྱུང་ཡོད་པ་རེད།
            ལག་འཁྱེར་གཉེར་བའི་ལས་སྒོ་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་སུ་ལས་སྒོ་སྤེལ་རྗེས།  རྒྱུན་གཏན་འཁོར་རྒྱུག་འགན་སྲུང་ཡོང་ཆེད་ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱིས་ལས་བྱེད་མི་སྣར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏང་བ་དང་།  རྒྱལ་ནང་གི་དོ་དམ་བྱེད་སྟངས་ལ་དཔེ་བལྟས་ནས་ལས་སྒོ་སྤེལ་བའི་བརྒྱུད་རིམ་འཐུས་ཚང་བཟོས་པས།  ཚན་པ་ཁག་གི་ལས་དོན་མི་སྣའི་ལས་སྒོའི་བྱང་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ།  རྣམ་གྲངས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་པ་སོགས་ཀྱི་འགྲོ་ལུགས་རྒྱུད་པའི་ཁྲོད།  ཞིང་འབྲོག་མང་ཚོགས་ལ་འཕྲད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་མང་ཚོགས་ལ་ཧ་ཅང་སྟབས་བདེ་བྱུང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།