མཚོ་ལྷོ་ཁུལ་མང་རྫོང་མི་དམངས་ཀྱིས་བོད་ལྕགས་མོ་ཡོས་ལོའི་ལོ་སར་སྤྲོ་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-22 10:33:00 ཀློག་གྲངས།:


འགོ་ཁྲིད་དང་མང་ཚོགས་རྣམས་སྤྲོ་བའི་ངང་རིག་རྩལ་ལ་ལྟ་བཞིན་པ།

           ཟླ2ཚེས20ཉིན། མཚོ་ལྷོ་ཁུལ་མང་རྫོང་གིས་མི་དམངས་ཀྱི་རིག་གནས་འཚོ་བ་ཕུམ་སུན་ཇེ་ཚོགས་སུ་གཏོང་བ་དང་།  དགའ་སྤྲོ་རྒྱས་ཤིང་དཔལ་ཡོན་འཕེལ་པའི་རྣམ་པ་ཞིག་འབྱུང་ཆེད།  བོད་ལྕགས་མོ་ཡོས་ལོའི་ལོ་སར་གྱི་རིག་རྩལ་དགོང་ཚོགས་བསྡུས་པ་རེད།


བུད་མེད་རྣམས་ཀྱིས་གར་འཁྲབ་པ།

           ལོ་སར་རིག་རྩལ་དགོང་ཚོགས་འདི་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་།  རྒྱ་ཆེ་བའི་མང་ཚོགས་ཀྱིས་ཞབས་བྲོ་དང་། བཞད་གར།  སྒྲ་སྙན། ད་དུང་དམངས་ཁྲོད་ཀྱི་གླུ་གཞས་སོགས་རིག་རྩལ་གང་མང་ཞིག་གཟིགས་མོ་བ་ལྷན་རྒྱས་ཀྱི་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་ཕུལ་པ་རེད།  འདི་ལྟ་བུའི་རིག་རྩལ་སྤྲོ་ཚོགས་ཀྱི་རྣམ་པ་སྤྱད་དེ་མང་རྫོང་མི་དམངས་ཀྱི་རིག་གནས་འཚོ་བ་ཡར་སྤེལ་སྒོས་དཔལ་ཡོན་གཉིས་ལྡན་དང་དུས་སྐབས་གསར་བའི་ནང་འཕེལ་རྒྱས་ཀྱི་འཚོ་བ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་བྱེད་ཀྱི་ཡོད།


སྒྲ་སྙན་རྣམ་པའི་བྲོ་གར།


མཁའ་ལ་འཕྱོ་བ་ལྟ་བུའི་འཁྲབ་སྟོན།

            མང་ཚོགས་ཀྱི་རེ་འདོད་ལྟར།  རིག་རྩལ་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཆེད།  མང་རྫོང་གིས་ལོ་ལྟར་ཆེད་དུ་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་བོད་ཀྱི་ལོ་སར་བསུ་བ་ཡིན་ལ།  ད་ལྟའི་བར་ཐེངས་དྲུག་ལ་སྤེལ་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།