མཚོ་སྔོན་གྱིས་གསར་དར་ཞིང་འབྲོག་མཉམ་འབྲེལ་སྨན་བཅོས་སུ་ཁ་གསབ་ཀྱི་སྨན་རྫས་ཁྱབ་ཁོངས་རྒྱ་བསྐྱེད་བཏང་བ།

རྩོམ་པ་པོ།:ཀླུ་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-21 08:49:00 ཀློག་གྲངས།:

           ན་ནིང་ལོ་མཇུག་དུ།རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གཞི་རིམ་སྨན་བཅོས་སྡེ་ཁག་གི་རྩ་བའི་སྨན་རྫས་དཀར་ཆག་དུ་སྨན་རྫས་རིགས་བརྒྱ་གསར་དུ་བསྣན་པ་ཁྱབ་བསྒྲགས་བྱས། 
           རྒྱལ་ཁབ་ཀྱི་རྩ་བའི་སྨན་རྫས་ལམ་ལུགས་ལག་བསྟར་མཐར་ཕྱིན་དང་རྒྱ་ཆེའི་ཞིང་འབྲོག་མང་ ཚོགས་གསར་དར་མཉམ་འབྲེལ་སྨན་བཅོས་སུ་ཞུགས་ནས།གསོ་བཅོས་སྒྲིག་གཞི་བཅོས་བསྒྱུར་ཀྱི་ཕན་པ་དངོས་ལོངས་སྤྱོད་ཐུབ་པ་འགན་ལེན་ཁག་ཐེག་བྱེད་ཆེད།ཉེ་ཆར།ཞིང་ཆེན་འཕྲོད་བསྟེན་ཐིང་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ་རྩ་འཛུགས་བྱས་ཏེ།གསར་དུ་བསྣན་པའི་རྩ་བའི་སྨན་རིགས་ཁག་ཞིང་སྡེ་གསར་དར་སྨན་བཅོས་སུ་ཁ་གསབ་གཏོང་བའི་སྨན་རྫས་དཀར་ཆག་ཏུ་བཞག་ཏེ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་།
            ཟླ2པའི་ཚེས14ཉིན།གསར་འགོད་པས་འཕྲོད་བསྟེན་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིར་ཞིང་སྡེ་གསར་དར་སྨན་བཅོས་སུ་ཁ་གསབ་གཏོང་བའི་སྨན་རིགས་དཀར་ཆག་ལེགས་སྒྲིག་བྱས་པ་ནི།རང་ཞིང་གི་ད་ཡོད་གནས་ཚུལ་དང་བསྟུན་ཏེ་ཞིང་སྡེ་གསར་དར་མཉམ་འབྲེལ་སྨན་བཅོས་འགན་ སྲུང་ཐུབ་པའི་གཞི་རྩའི་སྟེང་།རྒྱལ་ཁབ་ཀྱི་རྩ་བའི་སྨན་རིགས་དང་འབྲེལ་ཡོད་སྲིད་ཇུས་ཀྱི་དགོས་མཁོར་གཞིགས་ནས།བསྡོམས་པས་ནུབ་ལུགས་སྨན་རིགས30དང་ཀྲུང་ལུགས་སྨན་རིགས30།བོད་སྨན་རིགས་40བཅས་གསར་དུ་བསྣན།རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་བསྒྲགས་པའི་གཞི་རིམ་སྨན་བཅོས་ལས་རིགས་རྩ་བའི་སྨན་རྫས་རིགས་407དེ་ཚང་མ་ཁ་གསབ་གཏོང་པའི་ཁྱབ་ཁོངས་སུ་ཚུད་ཅིང་།དེ་སྲིད་ གཞུང་གིས་བསྒྲུབ་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཚང་མར་སྒྲིག་སྦྱོར་བྱས་ཏེ་བཀོལ་སྤྱོད་བྱེད་པ་དང་མཉམ་དུ་བོག་མེད་ཕྱིར་འཚོང་བྱེད་པ་མ་ཟད།ཁ་གསབ་གཏོང་ཚད་འཕར་བའི་སྲིད་ཇུས་ཟླ་འདིའི་ནང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།