གཙོས་གྲོང་ཁྱེར་སྒར་གསར་སྡེ་བའི་རྣམ་ཐར་འཁྲབ་སྟོན་ལ་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

རྩོམ་པ་པོ།:ཚེ་རིང་རྡོ་རྗེ། ཡོང་ཁུངས།:ཀན་ལྷོ་རླུང་འཕྲིན་ཁང་། དུས་ཚོད།:2011-02-17 09:21:00 ཀློག་གྲངས།:
           ཟླ2པའི་ཚེས9ཉིན་ནས་བཟུང་། གཙོས་གྲོང་ཁྱེར་རིག་གནས་ལུལ་རྩལ་ཅུས་དང་མཛོད་དགེ་སྨད་མ་ཞང་སྲིད་གཞུང་།སྒར་གསར་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བོད་ཀྱི་སྲོལ་རྒྱུན་རྣམ་ཐར་འཁྲབ་སྟོན་དེ་མཛོད་དགེ་སྨད་མ་ཞང་གི་སྒར་གསར་སྡེ་བ་ནས་འཁྲབ་འགོ་བརྩམས། 
            བསྟུད་མར་ཉིན་དུ་མའི་རིང་ལ། གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་ཞང་སྒར་གསར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ་མི་ཚོགས་ཆེ་ལ་གླུ་སྐད་སྙན་པ་དང་། དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས་འདུག མཛོད་དགེ་སྨད་མ་ཞང་དང་མཐའ་འཁོར་གྱི་མང་ཚོགས་ཚང་མས་གོས་གསར་གྱོན་ཞིང་བརྒྱན་ཆ་ཐོགས་ནས་འདི་རུ་འཛོམས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་ནས་སྒར་གསར་སྡེ་བའི་རྣམ་ཐར་འཁྲབ་སྟོན་ཚོགས་པས་འཁྲབ་སྟོན་བྱས་པའི་རྣར་ཐར་ལ་བལྟས། རྒྱུས་ལོན་ལྟར་ན། རྣམ་ཐར་ནི་བོད་ཀྱི་རོང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་སྒྱུ་རྩལ་ཞིག་ཡིན་ཞིང་། རྣམ་ཐར་འཁྲབ་སྟོན་ལ་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བས་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། མཛོད་དགེ་སྨད་མ་ཞང་གི་རྣམ་ཐར་འཁྲབ་སྟོན་ཚོགས་པ་ནི1975ལོར་བཙུགས་པ་དང་། འཁྲབ་སྟོན་པ་ཚང་མ་ས་དེའི་མང་ཚོགས་ཡིན་པས་དམངས་ཁྲོད་ཀྱི་ཆེད་ལས་མིན་པའི་རིག་གནས་རྩ་འཛུགས་སུ་གཏོགས་ཤིང་། ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལྡན་ཡོད། གོམས་སྲོལ་ལྟར་ན་ས་དེའི་རྣམ་ཐར་འཁྲབ་སྟོན་བྱེད་པའི་དུས་ཚོད་ནི་ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བདུན་ནས་ཚེས་དགུའི་ཉིན་བར་ཡིན་ལ། ད་ལོར་སྒར་གསར་སྡེ་བའི་རྣམ་ཐར་འཁྲབ་སྟོན་ཚོགས་པས་ས་དེའི་མང་ཚོགས་ལ་ཟློས་གར《སྲོང་བཙན་སྒམ་པོ》དང་《འགྲོ་བ་བཟང་མོ།》《ཆོས་རྒྱལ་ནོར་བཟང་།》གསུམ་པོ་འཁྲབ་སྟོན་བྱས།
            ད་ལོའི་ལོ་སར་སྐབས་སུ། གཙོས་གྲོང་ཁྱེར་རིག་གནས་ལུས་རྩལ་ཅུས་ཀྱིས་རྩ་འཛུགས་བྱས་ཏེ། ཞང་གྲོང་སོ་སོར་ས་དེའི་ཡུལ་སྲོལ་དང་ཁྱད་ཆོས་ལྟར་དུ་རྟ་རྒྱུག་དང་ལྒང་ལི་འགྲན་སྡུར། བོད་ཀྱི་སྲོལ་རྒྱུན་འཇུ་རེས་སོགས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་མཐུན་པའི་རིག་གནས་ལུས་རྩལ་གྲོང་གསེབ་ཏུ་བསྐྱོད་པའི་བྱ་འགུལ་མང་པོ་ཞིག་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།