བོད་ལྗོངས་ཀྱིས་རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-02-13 09:25:00 ཀློག་གྲངས།:
            གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་རང་སྐྱོང་ལྗོངས་ཀྱི་རྟ་སྒ་ཆ་འགྲིག་གི་གཏོང་ཆ་རེ་ཞུ། དེ་བཞིན་བོད་སྐྱོར་གྱི་རོགས་སྐྱོར་བརྩོན་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ནས་གཞི་རིམ་གྱི་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་།    2010ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རྫོང74རུ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་བསྐྲུན་ནས་རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་།    དམངས་ཁྲོད་སྒྱུ་རྩལ་ཚོགས་པ།   བསྐྲུན་ཟིན་པའི་ཤང་གྲོང་རིག་གནས་ས་ཚིགས་སུ་རིག་གནས་བྱེད་སྒོའི་སྒྲིག་ཆས་ཡོད་པ་བྱ་རྒྱུ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད། 
            བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས2010ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ་བྱེད་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་ཁར་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་གྲངས་འབོར་ཡང149ཟིན་ཏེ་ལྗོངས་ཡོངས་ཀྱི་ཤང་གྲོང་གི22%ཟིན་ཡོད་ཅེས་བརྗོད་བྱུང་།    
            ཁོང་གིས2010ལོར་བོད་ཀྱིས་ལྗོངས་ཡོངས་ཀྱི་རྫོང42ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་།   ས་ཁུལ་དཔེ་མཛོད་ཁང3དམངས་ཁྲོད་སྒྱུ་རྩལ་ཚོགས་པ10ཤང་གྲོང74ཡི་ཕྱོགས་བསྡུས་རིག་གནས་ས་ཚིགས་ནང་ཁུལ་གྱི་སྒྲིག་ཆས་བཀོད་སྒྲིག་བཅས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད་ཅེས་བརྗོད་བྱུང་། 
            ཁོང་གིས་མིག་སྔར་བསྐྲུན་ཟིན་པའི་རྫོང་རིམ་པའི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་ཤང་གྲོང་རིག་གནས་ས་ཚིགས་སོགས་གཞི་རིམ་གྱི་རིག་གནས་སྒྲིག་གཞིས་ཆ་སྙོམས་ལོ་རེར་རིག་རྩལ་འཁྲབ་སྟོན་དང་ཚན་རྩལ་ཁྱབ་གདལ་གསོ་སྦྱོང་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས800ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་།    ཞིང་འབྲོག་པ་ཚང་མར་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་ལག་བསྟར་བྱེད་པའི་དམངས་ཕན་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་།    བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིན་ཧྲི་ཤུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།    “ལོ་ལྔ་ཚན་བཅུ་གཅིག་པའི”ཚུན་དུ་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར2.7བཏང་ནས་ལྗོངས་ཡོངས་ཀྱི་རྫོང74ཡི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་དང་། ཤང་གྲོང149ཡི་ཕྱོགས་བསྡུས་རིག་གནས་ས་ཚིགས149 གྲོང་ཚོ300ལྷག་ཙམ་གྱི་རིག་གནས་བྱེད་སྒོ་ཁང་སོགས་སྤྱི་པའི་རིག་གནས་རྣམ་གྲངས་ཁག་ཅིག་ལག་བསྟར་བྱས་པ་དེས་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པ་དང་འཁྲུག་ཆ་དོད་པོར་གྱུར་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་སྲུང་སྐྱོང་དང་འགན་ལེན་ཏན་ཏིག་བྱུང་ཡོད་པ་རེད། 
            ཉི་མ་ཚེ་རིང་གིས་མིག་སྔར་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར།    རྫོང་།    ཤང་གྲོང་བཅས་ཀྱི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རིམ་བཞིན་ཚད་ལྡན་ཅན་དང་རྒྱུན་གཏན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་ས་ཁོངས་ཀྱི་རིག་གནས་དུས་སྟོན་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་མང་ཚོགས་དེའི་ནང་ཞུགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་གི་ཡོད་ཅེས་བརྗོད་བྱུང་།    
             ཁོང་གིས་ད་དུང2011ལོར་བོད་ཀྱིས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་དང་དོ་དམ་ཐད་འབད་བརྩོན་ཆེན་པོས་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ་དང་།     གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།    སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བརྗོད་བྱུང་།         
            ངོ་སྤྲོད་བྱས་པར་གཞིགས་ན།    2011ལོར་བོད་ལྗོངས་ཀྱིས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་དངུལ་སྒོར་ཁྲི18834བཀོད་སྒྲིག་བྱ་རྩིས་ཡོད་པ་དེ་ན་ནིང་དང་བསྡུར་ན་སྒོར་ཁྲི8524མང་དུ་ཕྱིན་ནས83%འཕར་ཡོད་པ་རེད།             


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།