མཚོ་སྔོན་ཞིང་སྡེ་སློབ་འབྲིང་གི་སློབ་ཁང་དང་མལ་ཁང་བསྒྱུར་བཀོད་ཚད་གཞི་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྔོན་རླུང་འཕྲིན། དུས་ཚོད།:2011-02-11 12:21:00 ཀློག་གྲངས།:
            ཉེ་ལམ་སློབ་གསོ་པུའུ་ཡིས་ཞིང་སྡེའི་འོས་འགན་སློབ་གསོའི་ལས་གཞི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས2010ལོའི་ཟླ11པའི་ཟླ་མཇུག་ཏུ་དབུས་ནུབ་ས་ཁུལ་གྱི་ཞིང་སྡེའི་སློབ་འབྲིང་གི་སློབ་ཁང་དང་མལ་ཁང་བསྒྱུར་བཀོད་བྱེད་པའི་ལས་གཞི་དང་དབུས་ནུབ་ས་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་འཕེལ་རིམ་གནས་ཚུལ་སྐོར་གྱི་བརྡ་ཐོ་བཏང་ལ། བརྡ་ཐོའི་ནང2010ལོར་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་གཉིས་གྱི་འཕེལ་རིམ་བདེ་བླག་ཡིན་པ་དང་། 2007ལོ་ནས2010ལོའི་བར་དུ་ཞིང་སྡེའི་འབྲིང་རིམ་སློབ་གྲྭའི་སློབ་ཁང་དང་མལ་ཁང་བསྒྱུར་བཀོད་བྱེད་པའི་ལས་གཞི་སྤེལ་ནས་ཚད་གཞི་སྣ་ཚོགས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསླེབས་ཡོད།
            ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་དང་། ཧོང་ཀྲུང་རྫོང་། སྟོང་སྐོར་རྫོང་། ཕེན་ཨན་རྫོང་། མེན་ཧོ་ཧོས་རིགས་རང་སྐྱོང་རྫོང་། ལོ་ཏུའུ་རྫོང་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་བུའུ་ལན་རྫོང་དང་དེ་མིན་ཚྭ་འདམ་གཞོང་། མཱང་ཨེ་ས་ཁུལ་ཏང་ཨུ་སོགས་རྫོང་བཅུ་བཞི་ནས་ལག་བསྟར་བྱས། 2010ལོའི་ལོ་མཇུག་བར་དུ། སློབ་གྲྭ154དང་། སློབ་འབྲིང་གི་འཚོ་བའི་ཐད་བཀོལ་བའི་ཁང་པ་མུས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བདུན་ལྷག་འཛུགས་སྐྲུན་བྱས་ནས། ལས་གཞི་ཚང་མ་ལས་ཚར་ཏེ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱིས་རེ་བ་བཏོན་པའི་ལས་གཞིའི་བརྒྱ་ཆའི་བརྒྱར་བསླེབས་པ་དང་། ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་བརྒྱར་བསླེབས་ནས། ལས་གཞིའི་མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་བརྒྱ་ཆའི་བརྒྱའི་དམིགས་འབེན་དུ་བསླེབས་པའི་སྐོར་བཀོད་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།