དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་འགྲོ་རྒྱུ་དེ་བོད་ལྗོངས་མང་ཚོགས་ཀྱི་འཚོ་བའི་དར་སྲོལ་ཞིག་ཏུ་གྱུར་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2011-02-09 10:56:00 ཀློག་གྲངས།:
            བོད་ལྗོངས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ནུས་པ་དང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། དཔྱིད་གསར་དུས་ཆེན་རིང་ནང་སར་ཡུལ་སྐོར་བྱེད་པར་འགྲོ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་དུས་ཆེན་འཚོ་བའི་དར་སྲོལ་གཞན་ཞིག་ཏུ་གྱུར་ཡོད་པ་རེད།
            ཤེས་རྟོགས་བྱུང་པ་ལྟར་ན། དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ་བོད་ལྗོངས་སུ་མཁའ་འགྲུལ་སྐྱེལ་འདྲེན་གྱི་མཐོ་རླབས་འཕྱུར་བ་དང་། ལྷ་ས་ནས་ཕྱི་རོལ་ལ་བསྐྱོད་པའི་གནམ་གྲུའི་པ་སེའི་རིན་གོང་གཅོག་པའི་བྱ་ཐབས་རིམ་བཞིན་མེད་པར་བཟོས་པ་དང་གནམ་གྲུའི་པ་སེ་མངགས་ཉོ་བྱེད་མཁན་ཀྱང་རྒྱུན་མཐུད་མང་དུ་ཕྱིན་པ་རེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ལས་ཀ་བྱེད་མཁན་ཁྲེན་ཝུད་དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་དང་བསྟུན་ནས་ཕ་ཡུལ་ཁྲུང་ཆིང་དུ་ལོག་པ་རེད། ཁོང་གིས་ད་ལྟ་ལྷ་ས་ནས་གནམ་གྲུར་བསྡད་པའམ་ཡང་ན་མེ་འཁོར་ལ་བསྡད་པ་གང་རུང་ཚང་མ་སྟབས་ཧ་ཅང་བདེ་པོ་འདུག དཔྱིད་གསར་དུས་ཆེན་ནི་བཟའ་མི་མཉམ་འཛོམས་བྱེད་པའི་ཉིན་མོ་ཡིན་པས་གནམ་གྲུར་བསྡད་དེ་ནང་མི་ཚོ་དང་མཉམ་འཛོམས་བྱས་པ་ཡིན་ཞེས་བཤད་པ་རེད།
            དུས་རྒྱུན་དབང་གྲགས་ལྷ་སར་ལས་ཀ་བྲེལ་འཚུབ་ཆེན་པོ་ཡོད་ཅིང་ཁོང་གིས་སྔ་མོ་ནས་དཔྱིད་གསར་དུས་ཆེན་རིང་ལྷོད་ལྷོད་བྱེད་རྒྱུའི་གྲ་སྒྲིག་བྱས་ནས། ད་རེས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དུས་ཚོད་དང་བསྟུན་ནས་རོགས་པ་ཁག་ཅིག་དང་མཉམ་དུ་ཡུལ་སྐོར་བྱེད་པར་བསྐྱོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།