མཚོ་ལྷོ་ཁུལ་གྱིས་གནས་སྤོར་ཡུལ་དམངས་སྡོད་སའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཡར་སྐུལ་བྱས་པ།
ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་གནས་སྤོར་ཡུལ་དམངས་སྡོད་སའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་།
ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་གུང་ཧོ་དང་ཀོས་ནན། ཁྲི་ཀ་བཅས་རྫོང་གི་གནས་སྤོར་ཡུལ་དམངས་སྡོད་སའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། མི་ཕྱུགས་གཉིས་ཀའི་འཐུང་ཆུ་བཟོ་སྐྲུན། གཞུང་ལམ་ལས་པ། རིག་གནས་འཕྲོད་བསྟེན་འཛུགས་སྐྲུན་སོགས་བཟོ་སྐྲུན་བརྒྱ་དང་སོ་གཅིག་ལག་བསྟར་བྱས་པ་དང་། དེའི་ཐད་ལ་ཁྱོན་སྡོམ་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་། བཟོ་སྐྲུན་དེ་དག་ལག་བསྟར་བྱས་རྗེས། གནས་སྤོར་ཡུལ་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་བར་མ་ཟད། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ནུས་ཡོད་སྒོས་འཕེལ་རྒྱས་སུ་བཏང་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com