མི་དམངས་དྲ་བས་བོད་ཡིག་གི་པར་གཞི་གསར་པ་བཏོན་པ།

རྩོམ་པ་པོ།: ལྷ་ ལུང་ ། ཡོང་ཁུངས།: མི་དམངས་དྲ་བ། དུས་ཚོད།:2011-02-07 09:16:00 ཀློག་གྲངས།:


མི་དམངས་དྲ་བའི་བོད་ཡིག་པར་གཞི་གསར་བ།

            མི་དམངས་དྲ་བའི་རྩོམ་སྒྲིག་ཁང་གིས་ལོ་ཕྱེད་རིང་ལ་གྲ་སྒྲིག་དང་བཅོས་སྒྲིག་བྱས་རྗེས།   བོད་ཡིག་གི་པར་གཞི་གསར་པ་དངོས་སུ་བཏོན་ནས་རྒྱ་ཆེའི་དྲ་གྲོགས་ཡོད་དོ་ཅོག་ལ་ལོ་སར་གྱི་ལེགས་སྐྱེས་ཕུལ་བ་ཡིན་ཞིང་།  དུས་མཚུངས་སུ་གོ་སྐབས་འདི་དང་བསྟུན་ནས་རྩོམ་སྒྲིག་པ་ཡོངས་ཀྱིས་དུས་རྒྱུན་དུ་དྲ་རྒྱའི་ལས་དོན་ཐད་ལ་རྒྱབ་སྐྱོར་བླ་མེད་གནང་བའི་བློ་མཐུན་རྣམས་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་རེད། 
            ད་ཐེངས་མི་དམངས་དྲ་བའི་རྩོམ་སྒྲིག་ཁང་གིས་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་འདོད་བློ་ལྟར་དྲ་རྒྱའི་པར་གཞི་གསར་པ་བཟོས་ནས་ཆོས་ལུགས་དང་།  ལོ་རྒྱུས།  གསོ་རིག དམངས་སྲོལ།  རྩོམ་རིག ཤེས་བྱ་རྒྱ་མཐོང་།  ཞབས་ཞུའི་སྒེའུ་ཁུང་སོགས་ལེ་ཚན་གསར་པ་བཏོན་ཡོད་པ་མ་ཟད།  ད་དུང་བོད་ལྗོངས་དང་།  སི་ཁྲོན།  ཀན་སུའུ།  ཡུན་ནན།  མཚོ་སྔོན་བཅས་སོ་སོར་རིགས་དགར་ནས་རྒྱལ་ཡོངས་ཀྱི་བོད་ཁུལ་གྱི་གནས་ཚུལ་མགྱོགས་མྱུར་ངང་རྒྱ་ཆེའི་དྲ་དམངས་རྣམས་ཀྱི་སྤྱན་ལམ་དུ་སྐྱེལ་ཡོང་ངེས་ཡིན། 
            མཐར་ལོ་གསར་པའི་ནང་དུ་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ལུས་ཁམས་བདེ་ཞིང་ །  བསོད་ནམས་རླུང་རྟ་དར་བའི་བཀྲ་ཤིས་སྨོན་འདུན་ཞུ།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།