ལྷ་སའི་དཔེ་ཚོང་ཁང་ཁག་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དཔེ་དེབ་སྣ་བརྒྱ་གྲ་སྒྲིག་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2011-02-07 09:00:00 ཀློག་གྲངས།:
            དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བ་དང་དུས་ཆེན་རིང་དཔེ་དེབ་ཉོ་བའི་དགོས་མཁོ་སྐོང་ཆེད་ལྷ་ས་གྲོང་ཁྱེར་གྱི་དཔེ་ཚོང་ཁང་ཁག་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དཔེ་དེབ་སྣ་བརྒྱ་གྲངས་གྲ་སྒྲིག་བྱས་ཡོད་པ་རེད། ལས་གཉེར་བ་ཞིག་གིས་རྩོམ་རིག་དང་སྤྱི་ཚོགས་རིགས་ཀྱི་དཔེ་དེབ་ལ་ཚང་མས་དགའ་པོ་བྱེད་པ་དང་ཆེད་ལས་རིགས་ཀྱི་དཔེ་དེབ་ལ་ཡང་མི་ཚོས་དགའ་པོ་བྱེད་ཀྱི་འདུག་ཅེས་ངོ་སྤྲོད་གནང་བ་རེད། ལྷ་སའི་ཤིན་ཧྭ་དཔེ་ཚོང་ཁང་དུ་གསར་འགོད་པས་གྲོང་མི་ཚོས་དཔེ་དེབ་འདེམས་ཉོ་བྱེད་བཞིན་ཡོད་པ་མཐོང་བ་མ་ཟད་གྲོང་མི་མང་པོ་ཞིག་གིས་ཆེད་མངག་དཔེ་ཚོང་ཁང་ནང་དེབ་ལྟ་བར་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
            ལྷ་ས་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་དུ་གསར་འགོད་པས་དེབ་ཉོ་བར་ཡོང་མཁན་མང་ཆེ་བ་ནི་ནང་མི་ཚང་མ་མཉམ་དུ་ཡོང་བ་ཞིག་ཡིན་པ་མཐོང་བ་དང༌། དཔེ་དེབ་ཉོ་བཞིན་པའི་གྲོང་མི་ཁའེ་ལགས་ཀྱིས་གསར་འགོད་པར་ད་ཆ་དཔེ་ཚོང་ཁང་གི་དཔེ་དེབ་སྣ་ཁ་འཛོམས་པོ་འདུག ངས་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ཞེས་པའི་དཔེ་དེབ་འདི་ཉོས་ཏེ་ཕྲུ་གུར་ལོ་གསར་གྱི་ལེགས་སྐྱེས་ལ་སྤྲོད་རྒྱུ་དང༌། རང་ཉིད་ལ་ཡང་ཆེད་ལས་ཀྱི་དཔེ་དེབ་ཉོ་རྩིས་ཡོད་ཅེས་གསུངས་པ་རེད། འཇག་མག་གླིང་ཁར་གནས་སྡོད་བྱེད་མཁན་བདེ་སྐྱིད་ཀྱིས་དཔྱིད་གསར་དུས་ཆེན་བཏང་རྗེས་ཕྲུ་གུར་གུང་སེང་ཉིན ༢༠ ལྷག་ཙམ་འདུག་པས་སློབ་གསེང་གི་དཔེ་དེབ་འགའ་ཤས་ཉོས་ནས་ལྟ་རུ་འཇུག་རྩིས་ཡོད་ཅེས་གསུངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།