རྒྱ་ནག་མ་ཎིའི་འགྲམ་གྱི་ལོ་སར་གྱི་སྨོན་འདུན།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-02-05 09:11:00 ཀློག་གྲངས།:


ཟླ་དང་པོའི་ཚེས་སོ་གཅིག་ཉིན། མ་ཎི་རྡོ་འབུམ་ལ་སྐོར་བ་རྒྱག་བཞིན་པའི་དད་ལྡན་པ།


ལག་ཏུ་མ་ཎི་འཁོར་ལོ་ཐོགས་པའི་དད་ལྡན་པ་ཞིག་གིས་མ་ཎི་རྡོ་འབུམ་ལ་སྐོར་བ་བྱེད་བཞིན་པ།


ལག་ཏུ་མ་ཎི་འཁོར་ལོ་ཐོགས་པའི་ཨ་མ་རྒན་མོ་ཞིག་གིས་མ་ཎི་རྡོ་འབུམ་ལ་སྐོར་བ་བྱེད་བཞིན་པ།


རྒན་པ་ཞིག་གིས་མ་ཎི་རྡོ་འབུམ་འགྲམ་དུ་ཕྱག་འཚལ་བཞིན་པ།


བོད་རིགས་བུད་མེད་ཞིག་གིས་མ་ཎི་རྡོ་འབུམ་རྩིག་བཞིན་པ།

              མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་གི་རྒྱ་ནག་མ་ཎི་རྡོ་འབུམ་ནི་ཡུལ་དེར་འཚོ་ཞིང་གཞེས་པའི་མི་རྣམས་ཀྱི་སེམས་ཁོང་གི་གནས་མཆོག་ཅིག་ཡིན། རྒྱ་ནག་མ་ཎི་རྡོ་འབུམ་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་མུས་སུམ་བརྒྱ་དང་ལྷོ་བྱང་གི་ཞེང་ཚད་ལ་མུས་བརྒྱད་ཅུ། མཐོ་ཚད་ལ་མུས་གཉིས་དང་གྲངས་ཆུང་བཞི་བཅས་ཡོད། ཉིན་རྒྱུན་ཏུ་རྒྱ་ནག་མ་ཎི་ལ་སྐོར་བ་བརྒྱབ་སྟེ་གསོལ་འདེབས་བྱེད་རྒྱུ་ནི་ས་དེའི་མི་རྣམས་ཀྱི་འཚོ་བའི་གོམས་སྲོལ་ཞིག་ཏུ་ཆགས་འདུག  ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། གནས་འདིར་ཡོང་ནས་སྐོར་བ་དང་གསོལ་འདེབས་བྱེད་བཞིན་པའི་ཨོ་རྒྱན་ལྷ་མགོན་དང་ཁོའི་གྲོགས་པོ་ཚོས་བཤད་རྒྱུར། ཁོ་ཚོ་འདིར་ཡོང་ནས་ད་ལོའི་བཞི་བའི་བཅུ་བཞིའི་ཡུས་ཧྲུའུ་ས་འགུལ་ཆེན་པོའི་ཁྲོད་ཀྱི་ཚེ་འདས་རྣམས་ལ་སྨོན་ལམ་འདེབས་པ་དང་། ང་ཚོའི་སང་ཉིན་གྱི་འཚོ་བར་སྔར་ལས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་བཞིན་ཡོད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།