མཚོ་སྐོར་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྤྱིའི་ཆེད་མཁས་པའི་གླེང་སྟེགས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།   དུས་ཚོད།:2011-02-05 09:06:00 ཀློག་གྲངས།:
            སྤྱི་ཟླ2ཚེས3ཉིན། མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྤྱིའི་ལྕགས་རྟ་ལས་འགུལ་གྱི་མིང་དུ་གྲགས་པའི་ཆེད་མཁས་པ་ཆིའུ་ཅི་ཅིན་དང་བེ་ལེན་ཁི་ལིན། མ་ཏིན་པུའུ་ལུའུ་དབྱིན། དབྱང་ཡུང་། མེད་ཁིར་ལོ་པའོ་ཐི་སོགས་གདན་དྲངས་ཏེ་ཟི་ལིང་ནས་མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་སྡུར་གྱི་ཆེད་མཁས་པའི་གླེང་སྟེགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གླེང་སྟེགས་ལ་ཞུགས་པར་མ་ཟད་གཏམ་བཤད།
            ལོ་ཡུས་ལིན་གྱིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆེད་མཁས་པ་རྣམས་གླེང་སྟེགས་ལ་ཞུགས་པར་སྤྲོ་སེམས་ཆེན་པོའི་ངང་དགའ་བསུ་ཞུས། ཁོང་གིས་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་མནའ་འབྲེལ་དང་ཆེད་མཁས་པ་རྣམ་པས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག ང་ཚོས་མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་བསྡུར་ཐེངས་དགུ་སྤེལ་ཞིང་།  ད་ལོ་ནི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་བསྡུར་བསྒྲུབས་ནས་ལོ་བཅུ་འཁོར་བ་ཡིན་པ་དང་། མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་སྡུར་གྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན་པར་བརྟེན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཀྱང་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས། ཆེད་མཁས་པ་རྣམ་པས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། མཉམ་དུ་མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་བསྡུར་སྔར་ལས་བཟང་བོར་སྒྲུབ་པར་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།
            གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་རྣམས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ། ཧོ་ལན། ཐེ་གོ། ཨར་ལན། འཇར་མན་བཅས་རྒྱལ་ཁབ་ནས་ཡོང་ཞིང་། ཚང་མ་འཛམ་གླིང་གི་ལྕགས་རྟ་འགྲན་བསྡུར་གལ་ཆེན་གྱི་རྩ་འཛུགས་དང་དྲིལ་སྒྲོག་བྱ་བར་ཞུགས་མྱོང་། ཁོ་ཚོས་སྔོན་གྱི་ཐེངས་དགུའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་བསྡུར་ལ་དམིགས་ནས་མ་འོངས་བའི་འཕེལ་རྒྱས་དང་འགྲན་བསྡུར་གྱི་ཆུ་ཚད་ཇི་ལྟར་མཐོར་འདེགས་སུ་གཏོང་བ་དང་། མཚོ་སྔོན་པོར་སྐོར་བ་རྒྱག་པའི་ལྕགས་རྟ་འགྲན་སྡུར་དེ་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་འགྲན་བསྡུར་དང་སྔར་ལས་འབྲེལ་མཐུད་བྱེད་པ་སོགས་ཀྱི་གནད་དོན་ཐད་ལ་གྲོས་བསྡུར་ཟབ་མོ་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་མང་པོ་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།