གཞས་མ་གཏམ་གྱི་བོད་ཀྱི་ལོ་གསར་བརྙན་འཕྲིན་དགོང་ཚོགས《2011ལོའི་དགའ་སྤྲོའི་འཛུམ་མདངས》ཞེས་པ་བརྙན་འབེབ་བྱས།
དགོད་གཏམ་མཁས་པ་ཚོས་དགོད་བྲོའི་གཏམ་གླེང་གི་ལེ་ཚན་མཉམ་འཁྲབ་བྱེད་བཞིན་པ།
ཟླ1ཚེས30ཉིན་གྱི་དགོང་མོར། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་སྒྲུབ་གནང་བའི་གཞས་མ་གཏམ་གྱི་བོད་ཀྱི་ལོ་གསར་བརྙན་འཕྲིན་དགོང་ཚོགས《2011ལོའི་དགའ་སྤྲོའི་འཛུམ་མདངས》ཞེས་པ་བརྙན་འབེབ་བྱས་ཟིན་ཞིང་། དགོང་ཚོགས་དེ་ད་ལོའི་བོད་ཀྱི་ལོ་གསར་གྱི་ཚེས་གཅིག་གི་དགོང་མོའི་ཆུ་ཚོད7པར་གཟིགས་མོ་བའི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།
གཞས་མ་གཏམ་གྱི་བརྙན་འཕྲིན་དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་འཁྲིད་པ་ཕུར་སྒྲོན་གྱིས་འདི་ལྟར། ད་ལོར་ང་ཚོས་ན་ནིང་གི་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་གི་དགོང་ཚོགས་ལེགས་གྲུབ་བྱུང་བའི་ཉམས་མྱོང་ལ་གཞིགས་ནས། ཆེད་དུ2011ལོའི་གཞས་མ་གཏམ་གྱི་ལོ་གསར་བརྙན་འཕྲིན་དགོང་ཚོགས《2011ལོའི་དགའ་སྤྲོའི་འཛུམ་མདངས》ཞེས་པ་འཁྲབ་པ་ཡིན་ལ། སླད་ཕྱིན་ལོ་རེ་བཞིན་ གཞས་མ་གཏམ་གྱི་ལོ་གསར་གྱི་བརྙན་འཕྲིན་དགོང་ཚོགས་གཉེར་རྒྱུ་ཡིན་ཞེས་གསུངས་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com