བོད་ལྗོངས་ཀྱི་གྲགས་ཅན་མི་སྣས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ།

རྩོམ་པ་པོ།: ཤིན་ཧྭ་དྲྭ་བ་བོད་ཡིག་འཕྲིན་ལམ ཡོང་ཁུངས།: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། དུས་ཚོད།:2011-02-02 10:13:00 ཀློག་གྲངས།:

        བོད་ཀྱི་གསང་སྨན་བཟོ་རྩལ་རྒྱུན་འཛིན་གྱི་མི་རབས་བཅུ་གསུམ་པ་ཡིན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས“ལྷ་སའི་བང་ལུགས་ཀྱི་དངུལ་ཆུ་འདུལ་ཐབས”ཀྱི་ཕུལ་བྱུང་ལག་རྩལ་དེ་ཁོང་ཁོ་ནས་བདག་ཏུ་མ་བཟུང་བར་དཔེ་ཆ་རྩོམ་པ་དང་གཞུང་ལུགས་ཀྱི་སྲོལ་འབྱེད་པ་དང་དེ་བཞིན་བོད་སྨན་བཟོ་བར་སྲོག་ཤིང་དུ་གྱུར་པའི་གསང་བའི་སྡེབ་སྦྱོར་བྱེད་སྟངས་སྐོར་གྱི་འཆད་འཁྲིད་གནང་བར་བླ་ལྷག་གི་ཁྱད་ཡོན་མངའ་བའི་དབང་གིས་ཁོང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཡོད།
       ཉི་མ་ཚེ་རིང་གིས་ལོ་13སྐབས་ནས་བཟུང་ཕྱི་ལུགས་གསོ་རིག་སྦྱངས་བས་བོད་ལྗོངས་སྙེ་མོ་རྫོང་གི་སྨན་པ་རྐང་རྗེན་པར་གྱུར་པ་རེད།1996ལོར་ཉི་མ་ཚེ་རིང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དེ་སྔའི་ཡོན་ཀྲང་སྐད་གྲགས་ལྡན་པའི་བོད་སྨན་མཁས་ཅན་དགེ་རྒན་ཆེ་མོ་བ་ཁྲོ་རུ་ཚེ་རྣམ་གྱི་ཞབས་ལ་གཏུགས་ཏེ་དངུལ་ཆུ་འདུལ་ཐབས་དང་རིན་ཆེན་གྲང་སྦྱོར་བཟོ་ཐབས་སློབ་སྦྱོང་བྱས་པ་དང་སྦྲགས་མཐར་དངུལ་ཆུ་འདུལ་ཐབས་ཀྱི་རྒྱུན་འཛིན་པ་དང་དེང་རབས་བོད་ཀྱི་གསོ་རིག་སློབ་གསོའི་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་པ་རེད།
         སྨན་པ་རྐང་རྗེན་མ་ཞིག་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཏུ་གྱུར་པའི་ཉི་མ་ཚེ་རིང་གི་མི་ཚེའི་བརྒྱུད་རིམ་ནང་རྒྱལ་ཁབ་ཀྱིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ཚུལ་མཚོན་ཡོད།མིག་སྔར་ནང་ཆོས་ཀྱི་རོལ་མོ་དང་།སྲོལ་རྒྱུན་གྱི་རོལ་དབངས།ཞབས་བྲོ།ལྷ་མོ་བཅས་ནས་བོད་རིགས་ཀྱི་པང་གདན་དང་།ཁ་གདན་འཐག་པ།བོད་ཤོག་བཟོ་བ།སྲོལ་རྒྱུན་གྱི་བོད་སྨན་དང་གསོ་རིག་སོགས་བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁྱོན་མི་གྲངས་53ཡོད་པས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྲོལ་རྒྱུན་ལས་རིགས་ཁག་གི་གྲགས་ཅན་མི་སྣས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།
        2008ལོའི་ཟླ་6པར་བོད་སྤོས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ནས་ལོ་སྟོང་ཕྲག་འགར་རྒྱུན་འཛིན་བྱས་པའི་འབྲི་གུང་གི་བོད་སྤོས་དེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲས་ཤིག་ཏུ་གྱུར་པ་རེད།ཨ་མགོན་སྤྲུལ་སྐུ་ནི་འབྲི་གུང་བོད་སྤོས་བཟོ་རྩལ་གྱི་རྒྱུན་འཛིན་པ་ངོ་མ་ཡིན་པའི་དབང་གིས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པར་གྱུར་པ་རེད།
        འབྲི་གུང་བོད་སྤོས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཚུལ་སྐོར་གླེང་སྐབས་ཨ་མགོན་སྤྲུལ་སྐུས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་དམངས་ཁྲོད་ནས་ཀྱང་འབྲི་གུང་བོད་སྤོས་སྲུང་སྐྱོབ་བ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱུང་ཡོད་ཅེས་དང“བོད་སྤོས་ནི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན།སྟབས་ལེགས་པ་ཞིག་ལ་རྒྱལ་ཁབ་ཀྱི་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་པས་ང་ཚོའི་འབྲི་གུང་གི་བོད་སྤོས་ད་ལྟའི་བར་རྒྱུན་འཛིན་བྱུང་ཡོད”ཅེས་གསུངས་པ་རེད།
       སྐད་གྲགས་ཡོད་པའི་བོད་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག《གེ་སར་སྒྲུང》གི་སྒྲུང་པ་ལོ་ན་86ལ་སོན་པའི་རྒད་པོ་བསམ་གྲུབ་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གསུམ་པའི་མིང་གཞུང་ནང་བདམས་ཡོད།དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་བོད་རང་སྐྱོང་ལྗོངས་སྤྱི་ཚོཌ་ཚན་རིག་ཁང་དང་བོད་ལྗོངས་སློབ་ཆེན་སོགས་རིག་གཞུང་སྒྲིག་གཞིས《གེ་སར་སྒྲུང》གི་སྒྲུང་པ་རྩད་འཚོལ་བྱས་པ་མ་ཟད།སྒྲ་འཇུག་ལེགས་སྒྲིག་བྱས་ཡོད།མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་སྒྲུང་པ་57རྩད་འཚོལ་བྱས་པ་མ་ཟད།དེའི་ནང་གི་སྒྱུ་རྩལ་པ15ཡི་སྒྲུང་སྒྲ་འཇུག་ཆུ་ཚོད5000ཙམ་བྱས་ཡོད་པ་རེད།
        རྒད་པོ་བསམ་གྲུབ་ནི་དེའི་ཁྲོད་ནས་ཧ་ཅང་མངོན་གསལ་དོད་པའི་སྒྲུང་པ་ཞིག་རེད།བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡིས་ཁོང་གི《གེ་སར་སྒྲུང》སྒྲ་འཇུག་ཆུ་ཚོད2114བྱས་པ་དང་ཆབས་ཅིག་དེར་ལེགས་སྒྲིག་བྱས་ནས་ཡོངས་བསྒྲགས་ངང་དཔེ་དེབ30ཙམ་པར་སྐྲུན་བྱས་ཡོད།འབྱུང་འགྱུར་ལོ་གསུམ་ནས་ལྔའི་བར་ལོ་རྒྱུས་ཀྱི་སྙན་ངག་མཚོན་པའི་དཔེ་དེབ་45ཆ་ཚང་པར་སྐྲུན་བྱ་རྒྱུ་རེད།
       ལོ་ན72ལ་སོན་པའི་ཚེ་བརྟན་རྡོ་རྗེ་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རིམ་པ་གཉིས་པའི་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན་རིགས་གཅིག་མཁས་ཅན་ཞིག་ཀྱང་ཡིན་པས་ལས་འཁྱུར་བྱས་ཟིན་ཡང་སྔར་བཞིན་བོད་ཀྱི་ལྷ་མོའི་བ་གཞག་འཕེལ་རྒྱས་ཐད་གཞོལ་གྱི་ཡོད།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གཉིས་པའི་ནང་བདམས་པའི་བགྲེས་སོང་ཁོང་གིས་རང་ཉིད་འཚོ་གནས་བྱེད་རིང་སྐྱོར་མོ་ལུང་གི་ལྷ་མོའི་སྒྱུ་རྩལ་གོང་འཕེལ་ཡོང་རེ་བྱེད་ཀྱི་ཡོད།
         གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ།ལོ་ངོ30ཙམ་རིང་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དམངས་ཁྲོད་དུ་དར་ཁྱབ་ཡོད་པའི་ཟློས་གར་དང་།རོལ་དབངས།གཞས་མ་གཏམ།དམངས་གླུ།གཏམ་དཔེ།སྒྲུང་གཏམ་སོགས་རྩོམ་རིག་སྒྱུ་རྩལ་འཚོལ་བསྡུ་དང་ལེགས་སྒྲིག་ཧུར་ཐག་བས་ནས་སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔྱད་གཞི་ཡིག་འབྲུ་ཁྲི3000ལྷག་ཙམ་འཚོལ་ཞིབ་ཐོ་འགོད་དང་ལེགས་སྒྲིག་བས་ནས་འབྲེལ་ཡོད་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིག་གཞུང་དཔྱད་རྩོམ1000ལྷག་ཙམ་དང་ཆེད་རྩོམ་30ལྷག་ཙམ་པར་སྐྲུན་བྱས་ཡོད།
        བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་རེན་ཧྲུའུ་ཆུང་གིས་མིག་སྔར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་གཏོང་ཆ་གཏོང་ཤུགས་རིམ་བཞིན་ཆེ་རུ་གཏོང་བ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་རྒྱུའི་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         མིག་སྔར་བོད་ཀྱི་ལྷ་མོ་དང་།ཐང་ག    གེ་སར།ཞོ་སྟོན།ལྷ་རྩེའི་སྟོད་གཞས།བོད་རིགས་ཀྱི་གནམ་རིག་སྐར་རྩིས་སོགས་རྣམ་གྲངས60རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།