གཞིས་ཀ་རྩེས་སོ་ནམ་ལོ་སར་ལ་བསུ་བ་ཞུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།: མི་དམངས་དྲ་བ། དུས་ཚོད།:2011-02-01 09:06:00 ཀློག་གྲངས།:


ལོ་གསར་བསུ་བའི་དགའ་སྤྲོའི་འཁྲབ་སྟོན།

            ད་ལོར་གཞིས་རྩེ་ས་ཁུལ་གྱི་སོ་ནམ་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་ཡོད་པས། ཟླ1ཚེས26ཉིན་ས་ཁུལ་དེའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཞིང་པ་དང་རིག་རྩལ་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་《ཡར་ཀླུང་གཙང་པོའི་སྤྲོ་གླུ་》ཞེས་པའི་དགོང་ཚོགས་འཚོགས་ཏེ་གླུ་གར་དང་ཨ་ཅེ་ལྷ་མོ་སོགས་འཁྲབ་སྟོན་བྱས་ནས་ལོ་སར་ལ་བསུ་བ་ཞུས་པ་རེད།


སྐྱིད་པའི་བྲོ་དང་བཅས་ཏེ་ལོ་གསར་གྱི་རྟེན་འབྲེལ་བསུ་བ།


བྱིས་པ་རྣམས་ཀྱིས་ལྕགས་མོ་ཡོས་ཀྱི་ལོ་གསར་བསུ་བའི་རྣམ་པ།

            བོད་ཟླ12ཚེས1ཉིན་ནི་བོད་ལྗོངས་གཙང་ཁུལ་གྱི་སོ་ནམ་ལོ་སར་ཡིན་ཞིང་། ཉིན་དེར་གཙང་པ་རྣམས་ཀྱིས་དགོན་པར་མཆོད་མཇལ་དང་། གྲོ་སོ་ཕྱེ་མར་འགྱོག་པ། ཆུ་ཕུད་ལེན་པ་སོགས་སྲོལ་རྒྱུན་ལྟར་ལོ་སར་ལ་རྟེན་འབྲེལ་ཞུ་པ་རེད། དེ་ཡང་། བོད་ཟླ་དང་པོའི་སྐབས་སུ། བོད་ལྗོངས་གཙང་ཁུལ་དུ་སོ་ནམ་གྱི་ལས་ལ་བརྩོན་འགོ་ཚུགས་པར་བརྟེན། གཙང་ཁུལ་གྱི་ཞིང་པ་རྣམས་ཀྱིས་ལོ་རེའི་བོད་ཟླ་བཅུ་གཉིས་ཀྱི་ཚེས་གཅིག་གི་ཉིན་མོར་གཙང་ཁུལ་གྱི་སོ་ནམ་ལོ་སར་གཏོང་བའི་སྲོལ་དེ་དར་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།