མཚོ་སྔོན་མི་རིགས་རིག་གནས་སྐུལ་འདེད་ཚོགས་པ་དངོས་སུ་བཙུགས་པ།
རྩོམ་པ་པོ།:གཡང་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།
དུས་ཚོད།:2011-01-31 09:32:00
ཀློག་གྲངས།:
ཞིང་ཆེན་ཕྱི་ནང་གི་མི་རིགས་རིག་གནས་ལས་རིགས་ཀྱི་མི་སྣར་མཐུན་སྒྲིལ་འབྲེལ་འདྲིས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཕན་པའི་བྱ་བ་སྣ་ཚོགས་ཧུར་བརྩོན་སྒོས་བསྒྲུབ་པ། མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་སྐུལ་འདེད་བྱེད་པ། མཚོ་སྔོན་གྱི་མི་རིགས་རིག་གནས་ཐོན་ཁུངས་སྔོག་འདོན་དང་དར་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་མི་རིགས་རིག་གནས་ཀྱིས་རྒྱལ་ཡོངས་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་རིམ་བཞིན་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད་དུ། ཟླ1ཚེས26ཉིན། མཚོ་སྔོན་མི་རིགས་རིག་གནས་སྐུལ་འདེད་ཚོགས་པ་དངོས་སུ་བཙུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏེ་མ་ཅ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཡུས་ཀྲི། བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ། མ་ཧྥུའུ་ཧེ་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཅི་ཏེ་མ་ཅ་ཡིས་གྲོས་ཚོགས་སྟེང་གཏམ་བཤད།
མཚོ་སྔོན་མི་རིགས་རིག་གནས་ཡར་སྐུལ་ཚོགས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དྲིལ་སྒྲོག་པུའུ། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་གཞུང་སྒྲུབ་ཐིན། ཞིང་ཆེན་དམངས་སྲིད་ཐིན་བཅས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་འོག་བཙུགས་པའི་དམངས་ཁྲོད་ཚོགས་པ་ཞིག་ཡིན་པ་དང་། ཞིང་ཆེན་སྙན་ངག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མིང་དུ་གྲགས་པའི་སྙན་ངག་པ་ཨ་ཨར་ཏེན་ཧྥུའུ་ཡེ་རིན་གྱིས་ཚོགས་གཙོའི་འགན་འཁུར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་གནས་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་དང་ཆེད་ལས་མཁས་པ་སོགས་ཀྱིས་ལས་འཛིན་གྱི་འགན་འཁུར། མཚོ་སྔོན་མི་རིགས་རིག་གནས་སྐུལ་འདེད་ཚོགས་པ་བཙུགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་གནས་ལས་དོན་གྱི་སྐུལ་འདེད་དང་འཕེལ་རྒྱས་ལ་སྔར་མེད་ཀྱི་སྟེགས་བུ་གསར་བ་ཞིག་སྐྲུན་པ་མཚོན།
ཅི་ཏེ་མ་ཅ་ཡིས་གྲོས་ཚོགས་སྟེང་མཚོ་སྔོན་མི་རིགས་རིག་གནས་སྐུལ་འདེད་ཚོགས་པ་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་པ་དང་། མི་རིགས་སོ་སོས་འོད་སྟོང་ལྡན་པའི་ལོ་རྒྱུས་རིག་གནས་ཤུལ་བཞག་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་སྐྲུན་བྱས་ཡོད། ཐེངས་འདིར་མཚོ་སྔོན་མི་རིགས་རིག་གནས་སྐུལ་འདེད་ཚོགས་པ་དངོས་སུ་བཙུགས་པ་དེས་མཚོ་སྔོན་གྱི་རིག་གནས་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་འབྱུང་བར་ཡར་སྐུལ་བྱས་པར་མ་ཟད། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་སྔར་མེད་ཀྱི་བྱས་རྗེས་ཆེན་པོ་བཞག་ཟེར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།