བླ་བྲང་རིག་གནས་འདུ་འགོད་ཀྱི་རིམ་སྤེལ་རྩེར་སོན་ཐོན་རྫས་འགྲེམས་སྤེལ་མཛད་སྒོ་ལན་ཀྲོའུ་རུ་འཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས། དུས་ཚོད།:2011-01-24 11:21:00 ཀློག་གྲངས།:
            2011ལོའི་ཟླ1ཚེས15ཉིན། ལོ3ལྷག་ཙམ་རིང་རྩོམ་སྒྲིག་དང་པར་རྒྱག་བྱས་ནས་ལེགས་གྲུབ་བྱུང་བའི“བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་འདུ་འགོད་ཀྱི་རིམ་སྤེལ་རྩེར་སོན་ཐོན་རྫས”འགྲེམས་སྤེལ་མཛད་སྒོ་དེ་ལན་ཀྲོའུ་རུ་འཚོགས་ཤིང་། དེ་ནི་ཀན་སུའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་སྒྱུ་རྩལ་ཕྱོགས་ཡོངས་ནས་མཚོན་གྲས་སུ་བྱེད་པའི་དཔེ་དེབ་དང་སྒྲ་བརྙན་ཐོན་རྫས་ཡིན་པ་དེའི་ནང་དོན་ནང《བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་དཔེ་ཚོགས》དེབ10དང་།《བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་སྒྱུ་རྩལ་གྱི་རིམ་སྤེལ་བརྩམས་ཆོས་གཅེས་བསྡུས》ཀྱི་འོད་སྡེར10《བླ་བྲང་བཀྲ་ཤིས་འཁྱིལ》གྱི་བརྙན་དེབ1བཅས་ཚུད་ཡོད་པ་རེད།
            《བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་དཔེ་ཚོགས》ནི《བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་ཆེན་གྱི་རྣམ་ཐར་རགས་བསྡུས》སོགས་དེབ10ལས་གྲུབ་པ་དེར་ཡིག་འབྲུ་ཁྲི200ཙམ་ཡོད་པ་དང་། དེས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ལུགས་རིག་གནས་དང་། དམངས་སྲོལ་གོམས་འདྲིས། ལོ་རྒྱུས་ཤུལ་བཞགརང་བྱུང་ཡུལ་ལྗོངས་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད་ཅིང་། དཔེ་ཚོགས་དེ་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་གཏོང་རྒྱུར་དཔྱད་གཞིའི་ཡིག་ཆ་ཞིབ་ཚགས་མཁོ་འདོན་བྱས་ཡོད།《བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་སྒྱུ་རྩལ་གྱི་རིམ་སྤེལ་བརྩམས་ཆོས་གཅེས་བསྡུས》ཀྱིས་གནས་ཚུལ་དངོས་མཚོན་གློག་བརྙན་དང་། རོལ་དབྱངས། གླུ་གར་སོགས་ལ་བརྟེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་གནས་གོམས་སྲོལ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།《བླ་བྲང་བཀྲ་ཤིས་འཁྱིལ》ཞེས་པའི་རྩེར་སོན་བརྙན་དེབ་ནང་བརྙན་པར200ཙམ་བསྡུས་ཡོད་པ་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བརྗིད་ཆགས་ཀྱི་སྐྲུན་དངོས་དང་ཆོས་ལུགས་ཀྱི་དཔོག་དཀའི་ཆོ་ག་དང་ནང་གི་བཀོད་པ་སོགས་ཚུད་ཡོད། དེ་དག་གི་ཁྲོད་ནས་ནང་གི་བཀོད་པའི་བརྙན་པར་ནི་ཐེངས་དང་པོར་མི་རྣམས་ལ་བསྟན་པ་ཞིག་ཡིན་པ་མ་ཟད། དབྱིན་ཡིག་དང་། བོད་ཡིག རྒྱ་ཡིག་སོགས་ཡིག་རིགས་གསུམ་གྱི་ཐོག་ནས་ངོ་སྤྲོད་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།