ཀྲུང་གོས་མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོར་ཚན་རིག་གི་ཚོད་ཞིབ་ཐེངས་གསུམ་པ་བྱེད་པར་སྐུལ་འདེད་བྱས་པ།

རྩོམ་པ་པོ།: ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-01-23 09:54:00 ཀློག་གྲངས།:
            2011ལོའི་ཟླ1པོའི་ཚེས19ཉིན། 2011ལོའི་ལྗོངས་ཡོངས་ཀྱི་གནམ་གཤིས་ཅུས་ཅུས་ཀྲང་གི་ཚོགས་འདུར་ཞུགས་པའི་ཀྲུང་གོའི་གནམ་གཤིས་རྟོག་དཔྱོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་རུའུ་ཚོང་གིས་གསར་འགོད་པར་འདི་སྐད། “ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོར་ཚན་རིག་གི་ཚོད་ལྟ་དང་ཞིབ་འཇུག་ཐེངས་གསུམ་པ་”བྱེད་རྒྱུ་ཐག་བཅད་པ་དང་། དེ་ལས་བོད་ལྗོངས་གནམ་གཤིས་སྡེ་ཚན་ནི་ད་ཐེངས་ཀྱི་ཚན་རིག་ཚོད་ཞིབ་ཁྲོད་ཀྱི་ལས་ཁུངས་གཙོ་བོ་ཡིན། ད་ལྟ་བོད་ལྗོངས་གནམ་གཤིས་ཅུས་ཀྱི་རྐང་འཛིན་ལག་རྩལ་པ་འགའ་ཚན་རིག་ཚོད་ཞིབ་བྱ་བའི་སྔོན་འགྲོའི་གྲྭ་སྒྲིག་ལས་ཀ་དང་རྣམ་གྲངས་རྩོམ་སྒྲིག་གི་ལས་ཀ་བཅས་ཀྱི་ནང་དུ་ཞུགས་ཡོད་ཅེས་བཤད།
            ད་ཐེངས་ཀྱི་ཚོད་ཞིབ་སྤྱིའི་དམིགས་འབེན་ནི་མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོར་ཚན་རིག་གི་ཚོད་ལྟ་ཞིབ་འཇུག་ཐེངས་གསུམ་པ་བརྒྱུད་དེ། མཐོ་སྒང་དང་དེའི་མཐའ་འཁོར་གྱི་ཕྱོགས་བསྡུས་གནམ་གཤིས་ཀྱི་ཚད་མཇལ་མ་ལག་ཇེ་ལེགས་སུ་བཏང་སྟེ། འཁོར་སྐར་རྒྱང་ཚོར་སྟེ་ས་ངོས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་རྒྱུ་ཆར་ཡང་ནས་ཡང་དུ་དབྱེ་ཞིབ་བྱེད་པའི་ལག་རྩལ་ཇེ་མཐོར་གཏོང་བ།  མཐོ་སྒང་གི་ནུས་ཚད་དང་། དངོས་པོ། ཆུ་རྒྱུའི་འཁོར་རྒྱུག་གི་བརྒྱུད་རིམ་གསེད་འགྲོལ་བྱས་ཏེ། མཐོ་སྒང་གིས་ཀྲུང་གོ་དང་སའི་གོ་ལ་ཡོངས་ཀྱི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་དེར་ཤེས་རྟོགས་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ། རང་རྒྱལ་གྱི་གནོད་སྐྱོན་རང་བཞིན་གྱི་གནམ་གཤིས་སྔོན་དཔག་དང་གནམ་གཤིས་འགྱུར་ལྡོག་ཐག་གཅོད་ཐུབ་པའི་ནུས་པ་ཇེ་མཐོར་གཏོང་བ། ཡོན་ཚད་མཐོ་བའི་མཐོ་སྒང་གི་གནམ་གཤིས་ཚན་རྩལ་རུ་ཁག་ཅིག་གསོ་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པརེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།