ཐེམ་ཆེན་རྫོང་གི་མཚོ་སྔོན་པོ་ཆུའི་འབྱུང་ཡུལ་གྱི་གནས་སྐོར་ས་ཁུལ་དེ་རྒྱལ་ཁབ་Aགསུམ་རིམ་པའི་ས་ཁུལ་ལ་བདམས།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-01-20 09:53:00 ཀློག་གྲངས།:6889

  ཉེ་ལམ་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་མཚོ་སྔོན་པོ་ཆུའི་འབྱུང་ཡུལ་གྱི་གནས་སྐོར་ས་ཁུལ་ལ་མཚོ་སྔོན་ཞིང་ཆེན་གནས་སྐོར་ས་ཁུལ་གྱི་རྒྱུ་སྤུས་ཚད་རིམ་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་བྱས་རྗེས་རྒྱལ་ཁབ་ཀྱིAགསུམ་རིམ་པའི་གནས་སྐོར་ཡུལ་ལྗོངས་ཀྱི་ཚད་གཞིར་བསླེབས་པས་རྒྱལ་ཁབ་ཀྱིAགསུམ་རིམ་པའི་གནས་སྐོར་ས་ཁུལ་ལ་ཆོག་མཆན་བཀོད།
  ཐེམ་ཆེན་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་པོ་ཆུའི་འབྱུང་ཡུལ་གྱི་གནས་སྐོར་ས་ཁུལ་འཕེལ་རྒྱས་སུ་གཏོང་ཆེད་གནས་དེར་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱས་ནས་གནས་སྐོར་ལས་རིགས་ཀྱི་ཞབས་ཕྱིའི་ལམ་ལུགས་ཚད་ལྡན་དུ་བཏང་། 2010ལོར་ཐེམ་ཆེན་རྫོང་གིས་གནས་སྐོར་བ་འབུམ་གཅིག་དང་ཁྲི་དགུ་ལྷག་སྣེ་ལེན་བྱས་པ་དང་གནས་སྐོར་གྱི་ཡོང་སྒོ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཅིག་ཁྲི་བདུན་སྟོང་དགུ་ལ་བསླེབས། དེ་དུས་མཉམ་ལས་བརྒྱ་ཆའི་སོ་ལྔ་འཕར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།