《གེ་སར་རྒྱལ་པོའི》གླུ་གར་ཆེན་མོ་ཅིན་ཧྲ་ཟློས་གར་ར་བའི་ནང་འཁྲབ་སྟོན་བྱས་པ།
ཁྲིན་ཏུའུ་ཅིན་ཧྲ་ཟློས་གར་ར་བ།
བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོའི》གླུ་གར་འཁྲབ་གཞུང2011ལོའི་ཟླ1ཚེས14ནས18བར་ཁྲིན་ཏུའུ་ཅིན་ཧྲ་ཟློས་གར་ར་བའི་ནང་འཁྲབ་སྟོན་བྱས་པ་རེད།
རྡོ་བཟོས་གེ་སར།
དེ་ཡང་གེ་སར་སྒྲུང་བཤད་དང་བྲོ་གར་གྱི་རྣམ་པ་སྤྱད་དེ། ཐོག་མར《འགོ་བརྗོད། ལོ་རྒྱུས་དྲན་གསོའི་རོལ་དབྱངས།》 དང་། 《འཁྲབ་ཚན་དང་པོ། སྒྲུང་རིང་ཞོགས་པའི་སྐྱ་རེངས།》 《འཁྲབ་ཚན་གཉིས་པ། དུངས་ཞེན་མཐའ་ཡས་རྩྭ་ཐང་།》 《འཁྲབ་ཚན་གསུམ་པ། ཇག་རྟ་རལ་གྲིའི་རོལ་དབྱངས།》 《མཇུག་བསྡུ། རྒྱལ་ཁའི་སྤྲོ་གླུ་རིང་མོ།》སོགས་རིམ་བཞིན་འཁྲབ་སྟེ། གེ་སར་རྒྱལ་བོས་འདྲེ་སྲིན་བདུལ་བ་དང་དམངས་ལ་ཁེ་ཕན་གང་ལེགས་སྐྲུན་པའི་སྣང་བརྙན་གསོན་པོ་བཞེངས་སྐྲུན་བྱས་ཤིང་། བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་དང་ཕྱུགས་རིགས་སྤོ་འཚོའི་རིག་གནས་མངོན་གསལ་དུ་མཚོན་པར་བྱས་འདུག
འོ་མ་འཇོ་བའི་གར།
རྒྱུས་ལོན་བྱས་པ་ལྟར་ན། ཟློས་གར་འདི་ལོ2རིང་གི་སྟ་གོན་དང་ཇུས་འགོད་བྱས་པ་བརྒྱུད་དེ། ཕྱོགས་ཡོངས་དང་གཏིང་ཟབ་སྒོས་གེ་སར་རིག་གནས་ཀྱི་རིན་ཐང་མངོན་ཞིང་། གེ་སར་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བྱེད་པར་སླར་ཡང་ལྟ་སྟངས་གསར་བ་ཞིག་བཟུང་ཡོད་པ་རེད།
འབྲི་གཡག་གི་བྲོ་གར།
ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོའི་སྒྲུང》ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཕྱུགས་རིགས་སྤོ་འཚོའི་དུས་ནས་ད་ལྟའི་བར་གེ་སར་ལོ་རྒྱུས་དང་ཁ་མ་བྲལ་བར་འཚོ་བ་དངོས་ལས་འཚོལ་སྙེགས་དང་ཡིད་ཆེས་ཀྱིས་མོས་གུས་བྱེད་ཀྱི་ཡོད་པ་ཞིག་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com