ཡུལ་ཤུལ་རྫོང་ནི“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྲོང་ཁྱེར”དུ་བསྒྱུར་འཆར་ཡོད་པ་རེད།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-01-19 09:16:00 ཀློག་གྲངས།:

  གསར་འགོད་པས་ད་ལྟ་ཚོགས་བཞིན་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཡུལ་ཤུལ་རྫོང་ནི“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྲོང་ཁྱེར”(གནས་སྐབས་ཀྱི་མིང)དུ་བསྒྱུར་འཆར་ཡོད་པ་རེད།
  ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་ཝང་ཡུས་ཧུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡུལ་ཤུལ་ས་འགུལ་ཆེན་མོ་བྱུང་རྗེས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ཀྱིས་ཐུགས་ཁུར་ཆེན་པོ་གནང་ཞིང་། གནོད་འགོག་རྒུད་སྐྱོབ་ལ་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། གནོད་ཕྱིའི་བསྐྱར་འཛུགས་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།
  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་ལྟར། བསྐྱར་འཛུགས་བྱེད་སྐབས་བྱེད་ནུས་ལྟར་ཁུལ་བགོས་ཏེ། འཆར་འགོད་ཁུལ་གྱི་རྒྱལ་ཁབ་མངའ་ཁོངས་དེ་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་འོས་འཚམ་ཀྱིས་བསྐྱར་འཛུགས་ཁུལ། ཕྱོགས་བསྡུས་འཕེལ་རྒྱས་ཁུལ་བཅས་སུ་བགོས་ཡོད།
  མིག་སྔར། ཡུལ་ཤུལ་རྫོང་ནི་གྲོང་ཁྱེར་དུ་བསྒྱུར་བའི་བྱ་བ་ཧུར་བརྩོན་སྒོས་སྐུལ་འདེད་བྱེད་བཞིན་ཡོད། གྲོང་ཁྱེར་དུ་བསྒྱུར་རྗེས། ཡུལ་ཤུལ་ཁུལ་གྱི་སྲིད་འཛིན་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པའི་སྐྱེ་རྒུ་གྲོང་རྡལ་དེ་ཁམས་པའི་རིག་གནས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ནུས་ཁུངས་ཟུང་དུ་སྦྲེལ་བའི་ཁྱད་ཆོས་སྣ་མང་ཅན་གྱི་གནས་སྐོར་ཁུལ་དང་། འཛམ་གླིང་མཐོ་གནང་གནས་སྐོར་བྱེད་ཡུལ་ཞིག་ཏུ་འཕེལ་རྒྱས་འབྱུང་རྒྱུ་ཡིན་པ་དང་། མཚོ་སྔོན་དང་བོད་ལྗོངས་སི་ཁྲོན་བཅས་ཀྱི་འབྲེལ་མཐུད་ཨ་ལོང་དུ་གྱུར་ཏེ། མཚོ་སྔོན་ལྷོ་ཕྱོགས་དང་བོད་ལྗོངས་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ཚོང་ལས་དང་དངོས་ཟོག་བརྗེ་རེས་ཀྱི་ལྟེ་བར་འགྱུར་རྒྱུ་ཡིན་པ་དང་། མཚོ་སྔོན་བོད་ཁུལ་གྱི་ཤང་གྲོང་གཅིག་གྱུར་ངང་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་ས་ཁུལ་དུ་འགྱུར་ངེས་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།