རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཁྲོད་མདའ་རྩེད་ལྷན་ཚོགས་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-18 10:02:00 ཀློག་གྲངས།:


མདའ་རྩེད་ཡུལ་དངོས། 

  ཉེ་ལམ།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཁྲོད་མདའ་རྩེད་ལྷན་ཚོགས་དེ་རོང་བོ་གྲོང་རྡལ་ནས་བཙུགས་ཤིང་།  ཚོགས་ཐོག་ཏུ་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་འདེམས་པ་དང་།  གྲོས་ཞིབ་བྱས་པ་བརྒྱུད་དེ《རྨ་ལྷོ་ཁུལ་དམངས་ཁྲོད་མདའ་རྩེད་ལྷན་ཚོགས་སྒྲིག་སྲོལ》ལ་གྲོས་མཐུན་བྱུང་ཞིང་།  《སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཐོ་འགོད་དཔང་རྟགས》གནང་བ་རེད།
  རྨ་ལྷོ་ཁུལ་གྱི་དམངས་ཁྲོད་མདའ་རྩེད་རིག་གནས་ཀྱི་རྨང་གཞི་ཅུང་བརྟན་ཞིང་མདའ་རྩལ་འགྲན་བསྡུར་གྱི་བྱ་འགུལ་ཡང་ཡུལ་ཕྱོགས་གཞན་དང་བསྡུར་ན་སྣ་མང་ཕུན་སུམ་ཚོགས་པར་ཡོད་པ་རེད།  ཉེ་བའི་ལོ་འགའི་ནང་།   རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་རྒྱབ་སྐྱོར་གང་མང་བྱས་པ་དང་བསྟུན་ཏེ།   རྨ་ལྷོ་ཁུལ་མི་རིགས་སྲོལ་རྒྱུན་མདའ་རྩེད་རིག་གནས་སྔར་ལས་འཕེལ་རྒྱས་སུ་ཕྱིན་ཞིང་།  ད་ལྟ་རྨ་ལྷོ་ཁུལ་ལུས་རྩལ་རིག་གནས་ལས་རིགས་ཁྲོད་མེད་དུ་མི་རུང་བའི་རྣམ་གྲངས་ཤིག་ཏུ་ཆགས་འདུག
  མདའ་རྩེད་ལྷན་ཚོགས་བཙུགས་པ་འདིས་མི་རིགས་སྲོལ་རྒྱུན་རིག་གནས་ལ་སྔར་ལས་སྲུང་སྐྱོང་དང་རྒྱུན་འཛིན།   དར་སྤེལ་བཅས་བྱེད་ཐུབ་པ་མ་ཟད།  ཕྱོགས་གཞན་ཞིག་ནས་རྨ་ལྷོ་ཁུལ་གྱི་རིག་གནས་དང་།  སྤྱི་ཚོགས་དཔལ་འབྱོར་སོགས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་པར་ཡང་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།