2030ལོར་ཐོན་དུས་བོད་ལྗོངས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ཕལ་ཆེར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-01-15 10:26:00 ཀློག་གྲངས།:


བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་གཞོན་པ་འཇམ་དཔལ།

  2011ལོའི་ཟླ1ཚེས12ཉིན།  བོད་རང་སྐྱོང་ལྗོངས་“ཚོགས་ཆེན་གཉིས”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་སྟེང་དུ་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཐིང་ཀྲང་གཞོན་པ་འཇམ་དཔལ་གྱིས་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་སྐོར་དང་། ཁོར་ཡུག་སྲུང་སྐྱོབ་ཐིང་གི་བོད་ལྗོངས་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག་བདེ་འཇགས་སྲུང་ཡོལ་གྱི་སྒྲིག་གཞི་དང་སྐྱེ་ཁམས་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་བསམ་ཕྱོགས་དང་འཆར་འགོད་ངོ་སྤྲོད་མཛད་པ་རེད།
   འཇམ་དཔལ་གྱིས་འདི་སྐད། 2009ལོའི་ཟླ2པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་འཛུགས་སྐྲུན་འཆར་འགོད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་དེ་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ལས་གཞི་གཙོ་བོར་བཞག་པ་དང་། ལོ་ལྔའི་འཆར་གཞི་ལྔའི་དུས་ཚོད་ཀྱི་ནང་དུ་མ་དངུལ་སྒོར་དུང་ཕྱུར155བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་གསུམ་གྱི་རྣམ་གྲངས་བཅུ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། 2030ལོར་སླེབས་དུས་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་ཡོལ་ཕལ་ཆེར་ལེགས་འགྲུབ་ཡོང་བ་བྱ་རྒྱུ་ཡིན་ཚུལ་བསྟན་པ་རེད། དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དེ་ཉིད་བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཏུ་བཞག་ཡོད་ཅིང་།བོད་རང་སྐྱོང་ལྗོངས་ཀྱིས་《འཆར་འགོད་》གེགས་མེད་བདེ་བླག་ཏུ་འགྲུབ་པར་ཁག་ཐེག་བྱ་ཆེད། འཆར་འགོད་ལག་བསྟར་ཚོགས་ཆུང་བཙུགས་པ་དང་།2010ལོར་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། 《འཆར་འགོད》ནང་གི་མ་དངུལ་གཏོང་ཐབས་མེད་པའམ་མ་དངུལ་བཏང་བ་མི་འདང་བའི་ལས་གཞིའི་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར༣དོན་ཐོག་ཏུ་འཁྱོལ་བ་བྱས། ད་ལྟའི་བར་དུ། 《འཆར་འགོད》རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར༢༥དོན་འཁྱོལ་བྱུང་བ་དང་། 《འཆར་འགོད》ཀྱི་ལས་གཞི་ཆེན་པོ་རིགས་གསུམ་གྱི་རྣམ་གྲངས་བཅུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས།
   《འཆར་འགོད》ལག་བསྟར་བྱེད་པར་ཆོག་མཆན་ཐོབ་པ་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དེ་གཅིག་གྱུར་གྱིས་འཆར་འགོད་དང་། ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ། སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དུས་རིམ་གསར་པ་ཞིག་ཏུ་བསྐྱོད་པའི་མཚོན་རྟགས་ཤིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།