ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རིག་གཞུང་ཟླ་འཁོར་བྱེད་སྒོའི་བོད་སྨན་ཆེད་ཚོགས་བསྡུས་པ།
ཚོགས་ར་དངོས།
2011ལོའི་ཟླ1ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཟླ་འཁོར་བྱེད་སྒོའི་བོད་སྨན་ཆེད་གླེང་ཚོགས་འདུ་པེ་ཅིང་བོད་སྨན་ཁང་ནས་འཚོགས་པ།
པེ་ཅིང་བོད་སྨན་ཁང་གི་འགོ་གཙོ་ཧུང་ཧྥུ་ཁའེ། ཧྲུའུ་ཅི་གཞོན་པ་སུའུ་ཧྲེང་ཧྭ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་སྨན་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་བསྟན་པ་དར་རྒྱས། པེ་ཅིང་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་རིག་དབང་ཚེ་རིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་སྒྲུབ་ཁང་གི་གསོ་སྐྱོང་སྦྱོང་བརྡར་ཁྲུའུ་ཡི་ཁྲུའུ་ཀྲང་ལུའུ་ཧོང་སོགས་གྲོས་ཚོགས་སུ་ཞུགས་ཡོད།
ཚོགས་ཞུགས་ཆེད་ལས་མཁས་པ་དང་མཁས་དབང་རྣམས་ཀྱིས་འཆད་འཁྲིད་མཁན4ཡི་ཚན་ཞིབ་བརྗོད་གཞིར་དཔྱད་བརྗོད་སྤེལ་བ་རེད། ཚན་ཞིབ་བརྗོད་གཞི་དེ་དག་ནི་《བོད་སྨན་ཞིབ་འཇུག་ཁང་གི་ཉིང་ཁྲིའི་རྩྭ་སྨན་རྟེན་གཞིའི་འཕེལ་རྒྱས་སྐོར་གྱི་གནས་ཚུལ》དང་《སྨན་དཔྱད་ཟླ་བའི་རྒྱལ་པོ་རྩོམ་མཁན་ལ་དཔྱད་པ》《བོད་མིའི་དམངས་སྲོལ་དང་བོད་མིའི་བདེ་ཐང་བར་གྱི་འབྲེལ་བའི་སྐོར་ལ་རགས་ཙམ་གླེང་བ》《བོད་སྨན་གྱི་རྩ་དཀར་བཅོས་ཐབས》བཅས་བཞིའོ། །
འགོ་གཙོ་ཧོང་ཧྥུ་ཁའེ་ཡིས་འདི་སྐད། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཟླ་འཁོར་ཞེས་པའི་བྱེད་སྒོའི་བོད་སྨན་ཆེད་ཚོགས་ནི་ན་གཞོན་ཀྱི་བོད་སྨན་ཚན་ཞིབ་པ་རྣམས་ལ་འདོན་སྤྲོད་བྱས་པའི་ཡོན་ཚད་ངོམ་ས་དང་། སྦྱོང་བརྡར་བྱེད་ས། ཕན་ཚུན་བསམ་ཚུལ་བརྗེ་རེས་བཅས་བྱེད་སའི་སྟེགས་བུ་ཞིག་ཡིན་ལ། ན་གཞོན་ཚན་ཞིབ་པ་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་གང་ཐུབ་ཅི་ནུས་ཀྱིས་ཞིབ་འཇུག་གི་ལས་སུ་ཞུགས་ནས་བོད་སྨན་ཞིབ་འཇུག་གོང་དུ་སྤེལ་བར་སྐུལ་འདེད་བྱེད་པར་བཏོན་པའི་རེ་བ་ཡང་ཡིན་ཞེས་གསུངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com