ནོར་བུ་དབང་ལྡན་གྱིས་གེ་སར་རིག་གནས་སྲུང་སྐྱོབ་བྱ་བར་ནུས་པ་གང་ཡོད་འདོན་གྱི་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-06 10:41:00 ཀློག་གྲངས།:


རྒྱལ་ཡོངས་ཆེས་ཐོག་མའི་གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ་གྱི་སྒོ་བྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཀལ་བ།

  ནོར་བུ་དབང་ལྡན་ཁོ་རང་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་ཡིན་པའི་ཆ་ནས།  2010ལོར《གེ་སར》རིག་གནས་ཀྱི་སྲུང་སྐྱོང་བྱ་བར་ནུས་ཤུགས་ཡོད་རྒུ་བཏོན་པ་རེད། 
   ཁོ་ལ་མཚོན་ན།  2010ལོར་ཧ་ཅང་བརྗེད་དཀའ་བའི་དོན་ཆེན་གཉིས་འདུག་སྟེ།  གཅིག་ནི་རྒྱལ་ཡོངས་ཐེངས་དང་པོའི《གེ་སར》སྒྱུ་རྩལ་ཁྱིམ་གཞིས་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་རྐང་བཙུགས་པ་དང་།  གཞན་དེ་ནི《གེ་སར》གྱི་རྒྱ་འགྱུར་མའི་བྱ་བ་སྔར་ལས་གོམ་གང་སྐྱོད་ཅིང་ཐོག་མའི་མ་ཟིན་ད་ལྟ་དངོས་སུ་གྲུབ་ཡོད་པ་དེ་རེད།



འབུམ་རམས་པ་ནོར་བུ་དབང་ལྡན་གྱིས《གེ་སར》ལོ་རྒྱུས་ལ་སྒྲ་གཟུགས་ཕབ་སྟེ་ཡིག་ཆ་བསྡུ་ལེན་བྱེད་ཀྱི་ཡོད་པ།

  2011ལོའི་ཟླ1པོར།  རྒྱལ་ཡོངས་ཐེངས་གཉིས་པའི《གེ་སར》སྒྱུ་རྩལ་ཁྱིམ་གཞིས་དེ་བོད་ལྗོངས་ནག་ཆུ་ས་ཁུལ་དུ་རྐང་འཛུགས་རྒྱུ་ཡིན་པ་དང་།  གང་ལྟར2011ལོའི་ཟླ6པའི་སྔོན་དུ།   བོད་ལྗོངས་ནག་ཆུ་དང་།  ཆབ་མདོ།  ད་དུང་མཚོ་སྔོན་ཡུལ་ཤུལ།  ཀན་སུའུ་ཀན་ལྷོ། སི་ཁྲོན་དཀར་མཛེས་སོགས་སུ་བསྟུད་མར་གེ་སར་སྒྱུ་རྩལ་ཁྱིམ་གཞིས་ལྔ་ནས་དྲུག་འཛུགས་འཆར་ཡོད་པར་བཤད། 


འབུམ་རམས་པ་ནོར་བུ་དབང་ལྡན་དང་སྒྲུང་བ་གཉིས་གླེང་མོལ་བྱེད་བཞིན་པ།

  2010ལོར《གེ་སར》གྱི་རྒྱ་ཡིག་འགྱུར་མའི་མ་ཟིན་གྲུབ་ཡོད་པ་དང་།  དེ་ལས《རྟ་རྒྱུགས་རྒྱལ་འཇོག》དང་།  《བདུད་འདུལ་བ》།  《ལྷ་གླིང་གབ་རྩེ་དགུ་སྐོར》བཅས་ཀྱི་ཁག་རྣམས་མ་མཐའ་ཡང2012ལོར་དངོས་སུ་པར་སྐྲུན་བྱེད་རྒྱུ་ཡིན་པར་བསྟན་ལ།    《གེ་སར》རྒྱ་འགྱུར་མའི་རྩོམ་རིག་རང་བཞིན་འབུར་དུ་བཏོད་ཆེད།  ཨ་ལེ་དང་།  ཚེ་རིང་ནོར་བུ།  པད་མ་ཚེ་བརྟན། མེ་སྒྲོན།  པཎ་གོ་སོགས་ཆེད་མཁས་རྣམས་ཆེད་དུ་གདན་འདྲེན་བྱས་ཡོད་པ་རེད།


འབྲུག་མོ་སྐུ་བརྙན་བཟོ་སྐྲུན་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་མཛད་སྒོའི་ཡུལ་་དངོས།

  ཞར་བྱུང་།   2009ལོའི་ཟླ9པར།  《གེ་སར》ལོ་རྒྱུས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི《མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་རེའུ་མིག》 ཏུ་བཀོད་ཟིན་པ་དང་།  མུ་མཐུད་དུ་རྒྱལ་ཡོངས་སྐབས་དྲུག་པའི《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་ཚོགས་འདུ་དེ་རྒྱལ་ས་པེ་ཅིན་ནས་བསྡུས་པ་རེད།   འདིས《གེ་སར》རིག་གནས་ཀྱི་སྲུང་སྐྱོང་བྱ་བ་དུས་སྐབས་གསར་བ་ཞིག་ལ་སླེབས་ཡོད་པར་ཤུགས་དྲག་སྒོས་བསྟན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།