ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་བོད་རང་སྐྱོང་ལྗོངས་ཀྱི་སྐྱེད་ཚལ་གྲོང་ཁྱེར་གཉིས་པར་བདམས་པ།
ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་ལ་བོད་རང་སྐྱོང་ལྗོངས་ཀྱི་
སྐྱེད་ཚལ་གྲོང་ཁྱེར་གཉིས་པའི་མཚན་སྙན་ཐོབ་པ།
2010ལོའི་ཟླ12ཚེས25ཉིན། ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་ཆེད་མི་སྒྲོལ་དཀར་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱིན་པའི་རང་སྐྱོང་ལྗོངས་ཀྱི་སྐྱེད་ཚལ་གྲོང་ཁྱེར་ཞེས་པའི་བྱང་བུ་བླངས་པ་དང་། ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་བོད་རང་སྐྱོང་ལྗོངས་ཀྱི་སྐྱེད་ཚལ་གྲོང་ཁྱེར་གཉིས་པར་གྱུར།
ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གྱི་ཡུལ་ལྗོངས།
བྲག་ཡིབ་གྲོང་རྡལ་ནི་ཉིང་ཁྲི་ས་ཁུལ་གྱི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་གནས་ཡིན་པ་དང་།མཚོ་ངོས་ལས་མཐོ་ཚད་ལ་མུས2900ཡོད།
དགུན་ཁའི་ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གྱི་སྲང་ལམ་སྔར་བཞིན་སྔོ་ཐིང་ཐིང་གནས་འདུག
གནས་ཚུལ་ལྟར་ན། ད་ལོའི་ཟླ་ལྔ་བར་ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གྱི་སྐྱེད་ཚལ་ལྗང་བསྒྱུར་རྒྱ་ཁྱོན་ཀུང་ཆིན་བཞི་བརྒྱ་དང་བཞི་བཅུ་ཞེ་དགུར་སླེབས་ཡོད་པ་དང་།ལྗང་བསྒྱུར་བྱེད་ཚད་བརྒྱ་ཆའི་བཞི་བཅུ་ལྷག་ལ་སླེབས་ཡོད་ལ།ལྗང་བསྒྱུར་གྱི་ཁྱབ་རྒྱ་བརྒྱ་ཆའི་བཞི་བཅུ་ཞེ་གཅིག་ལྷག་ལ་སླེབས་ཡོད།
2009ལོར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལ་བོད་རང་སྐྱོང་ལྗོངས་ཀྱི་སྐྱེད་ཚལ་གྲོང་ཁྱེར་དང་པོའི་མཚན་སྙན་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com