ཀུན་དགའ་དང་སྐལ་རྒྱས་པད་མ་གཉིས་ཀྱི་ཆེད་སྒྲིག་གླུ་གཞས《ཁྱེད་མེད་པའི་རྩྭ་ཐང》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-04 11:39:00 ཀློག་གྲངས།:


ཀུན་དགའ་དང་སྐལ་རྒྱས་པད་མ་གཉིས་ཀྱི་ཆེད་སྒྲིག་གླུ་གཞས《ཁྱེད་མེད་པའི་རྩྭ་ཐང》།

              རྒྱུས་ལོན་བྱས་པ་ལྟར་ན།   ཀུན་དགའ་དང་སྐལ་རྒྱས་པད་མ་གཉིས་ཀྱི་ཐོག་དང་པོའི་དགེ་སློབ་མཉམ་འབྲེལ་གྱི་ཆེད་སྒྲིག་གླུ་གཞས《ཁྱེད་མེད་པའི་རྩྭ་ཐང》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ་རེད། 
             ལྷན་སྐྱེས་ཀྱིས་གླུ་དབྱངས་ལ་སྤྲོ་བ་རྒྱས་པའི་སྐལ་རྒྱས་པད་མ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་སྐྱེས་ཤིང་།    རང་གི་ཕུགས་བསམ་གྱི་ཆེད་དུ་ཕ་གཞིས་དྲོན་མོ་དང་གཉེན་ཉེ་སྤུན་གྲོགས་ཚོ་དང་ཁ་བྲལ་ཏེ།  མདུན་སྐྱོད་ཀྱི་གོམ་ཁ་ལྷོད་ལ་མ་བཞག་པར་ནམ་ཡང་ཡིད་ཆེས་དང་སྤོབས་པས་རང་ཉིད་གླུ་གཞས་ལ་དུང་བའི་ཕུགས་མདུན་འཚོལ་བར་བརྩོན་པས་འཇུག་ཅིང་།    ཉིན་ཞིག་ཁོ་རང་ལྟས་དབང་གིས་རྒྱལ་ཁབ་ཕྱི་ནང་ན་སྙན་གྲགས་རྒྱས་པའི་གླུ་བ་ཀུན་དགའ་ལ་འཕྲད་པ་དང་།  ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་སྤོབས་པ་དང་རང་རློམས་ཆེན་མོས་གླུ་གཞས་ལ་བཅིངས་བའི་དུང་སེམས་ཀྱིས་གླུ་བ་ཀུན་དགའི་སེམས་པ་དབང་མེད་དུ་བཀུག་སྟེ་ཁོ་བོའི་སློབ་ཕྲུག་བྱེད་པར་ཁས་བླངས་པ་མ་ཟད།   གླུ་བ་ཀུན་དགའི་རྒྱབ་སྐྱོར་དང་མཛུབ་ཁྲིད།    ད་དུང་རང་ཉིད་ཀྱི་ཧུར་བརྩོན་ཆེན་པོ་ལས་ཁོ་རང་ད་ལྟ་གཟེངས་སུ་ཐོན་པའི་བོད་པའི་ན་གཞོན་གླུ་བ་ཞིག་ཏུ་གྱུར་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།