མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བོད་ཀྱི་གློག་བརྙན༼ས་སྲོས་ཀྱི་སྨྲེ་སྔགས༽ཞེས་པ་འགྲེམས་སྟོན་བྱས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།: ཨ་འཁོར་སངས་རྒྱས་རྒྱ་མཚོ། དུས་ཚོད།:2010-12-31 13:51:00 ཀློག་གྲངས།:
  ཀན་ལྷོའི་རྒན་གྱ་ནས་འཚར་ལོངས་བྱུང་བའི་ན་གཞོན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་རྡོར་བྷ་ལགས་ཀྱིས་རང་ཉིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན༼ས་སྲོས་ཀྱི་སྨྲེ་སྔགས༽ཞེས་པ་དེ་ཉེ་ཆར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་ལྷོ་མའི་སྨྱན་མང་གཟུགས་སློབ་ཁང་ནས་སྟོན་པ་རེད།
  གློག་བརྙན་འདི་ནི་རྡོར་བྷ་ཁོ་རང་ཉིད་ཁོ་ནས་འཁྲབ་གཞུང་བརྩམས་ཤིང་འཁྲབ་འཁྲིད་སོགས་ཀྱི་འགན་ཡོད་ཚད་འཁུར་ཞིང་། མ་དངུལ་ཡོད་ཚད་རང་ཉིད་གཅིག་པུས་བཙལ་ཏེ་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་ནས་ང་ཚོའི་མིག་གི་དགའ་སྟོན་དུ་བཤམས་ཡོད་པ་རེད།
  གློག་བརྙན་འདི་ལས་ང་ཚོའི་ཕ་མེས་ཡང་མེས་རིང་ནས་བརྒྱུད་པའི་སྲོལ་རྒྱུན་ངན་པ་སྟེ་རྩྭ་ས་རྩོད་གླེང་གི་ནད་རྙིང་འདི་ལ་དགག་པ་བཏང་ཡོད་པ་མ་ཟད་གཉེན་སྒྲིག་རང་དབང་སོགས་ཀྱི་སྲོལ་ངན་དག་ཀྱང་ཤུགས་ནས་འདོར་དགོས་པའི་འབོད་སྐུལ་བཏང་ཡོད།
  དགེ་སློབ་རྣམས་ཀྱིས་གློག་བརྙན་འདི་ལ་བལྟས་རྗེས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། དགེ་རྒན་ཆེན་མོ་སྟོབས་ལྡན་དང་མཚོ་སྐྱེས་སོགས་ཀྱིས་རྡོར་བྷ་ཁོང་ལ་སེམས་ཁོངས་ནས་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གློག་བརྙན་འདི་ལ་གདེང་འཇོག་ཚད་ཀྱང་མཐོན་པོ་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།