མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རིག་རྩལ་འཁྲབ་སྟོན་ཞིག་བསྡུས།
མཚོ་སྔོན་པོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཨ་རྩེད་འཁྲབ་བཞིན་པ།
སྤྱི་ཟླ༡༢པའི་ཚེས༢༤ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མཚོ་སྔོན་པོ་ཐང་ཆེན་དུ་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་ཞིག་མང་ཚོགས་རྣམས་ཀྱི་མིག་གི་དགའ་སྟོན་དུ་ཕུལ། རིག་རྩལ་འཁྲབ་སྟོན་ཁྲོད་བོད་དམངས་ཁྲོད་ཀྱི་ཨ་རྩེད་དང་། རྡུང་ལེན་སོགས་ཡོད་པ་མ་ཟད། དེང་རབས་ཀྱི་ཞབས་བྲོ་དང་། གླུ་གཞས་ཀྱང་མང་པོ་ཞིག་ཡོད་པས་མང་ཚོགས་ཀྱིས་དགའ་བསུ་ཆེན་མོ་ཐོབ། འཁྲབ་སྟོན་པ་དག་གིས་སྙན་མོ་དབྱངས་ཀྱི་འགྱུར་ཁུག་དང་གར་གྱི་སྟངས་སྟབས་ལས་ལྟད་མོ་བ་རྣམས་ལ་གྲང་ངར་ཆེ་བའི་དགུན་འཁྱག་ལ་སེམས་དབུས་སུ་དྲོ་སྐྱིད་ཀྱིས་ཁེངས།
མཚོ་སྔོན་པོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཨ་ཅེ་འབྲོག་མོ་ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
མཚོ་སྔོན་པོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་མཆོད་པ་ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
རྡུང་ལེན་དཀྲོལ་བཞིན་པ།
མཚོ་སྔོན་པོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བཀྲ་ཤིས་སྨོན་འདུན་ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
ཨ་རྩེད་འཁྲབ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com