གློག་བརྙན《སྒྲོལ་མའི་སྐེ་རྒྱན》བདེ་བླག་ངང་སྒྲིག་བཟོ་བྱས་ཚར་བ།
གློག་བརྙན《སྒྲོལ་མའི་སྐེ་རྒྱན》།
མིག་སྔར། གངས་ལྷ་མེ་ཏོག་མི་རིགས་གློག་བརྙན་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པའི《སྒྲོལ་མའི་སྐེ་རྒྱན》ཞེས་པའི་གློག་བརྙན་གྱི་སྒྲིག་བཟོ་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། 2010ལོའི་ལོ་གསར་ལ་ཆེད་དུ་ཕབ་སྐྲུན་བྱས་པ་ཞིག་ཡིན་ལ། ད་ལོའི་ལོ་མཇུག་ཏུ། 《སྒྲོལ་མའི་སྐེ་རྒྱན》ཞེས་པའི་གློག་བརྙན་འདི་མི་རྣམས་ཀྱི་སྤྱན་ལམ་དུ་ཕུལ་པར་འགོ་བརྩམས་པའི་མཛད་སྒོ་ཟི་ལིང་ནས་གཟབ་རྒྱས་ངང་སྤེལ་རྒྱུ་རེད།
《སྒྲོལ་མའི་སྐེ་རྒྱན》ཞེས་པའི་གློག་བརྙན་འདིའི་ནང་གཙོ་བོ་བོད་རིགས་བུ་མོ་ཞིག་གི་གཏམ་རྒྱུད་ཅིག་མཚོན་གྱི་ཡོད་པ་སྟེ། མོའི་ལྷད་མེད་ཀྱི་འཚོ་བ་དང་། དུང་སེམས་ཀྱིས་སྐྱོམས་པའི་མཛེས་སྡུག་གི་རེ་སྙེགས། བརྩེ་སེམས་ཀྱིས་ཕྱུག་པའི་བྱིས་བློ་དང་རང་བཞིན་གྱི་བབ་ཆགས་གཤིས་སྤྱོད་སོགས་ལས་འཕྲོས་པའི་ལྷད་མེད་ཀྱི་གཏམ་རྒྱུད་ཅིག་མཚོན་གྱི་ཡོད།
འདིའི་ནང་འཁྲབ་སྟོན་བྱེད་མཁན་གཙོ་བོ་ནི་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་། བྱིས་པའི་འཁྲབ་སྟོན་པ་སྒྲོལ་མ་རྒྱལ། གསར་བྱུང་འཁྲབ་སྟོན་པ་དམ་ཅན་སྒྲོལ་མ། འཁྲབ་སྟོན་པ་གྲགས་ཅན་ཆོས་དབང་སྒྲོལ་མ་སོགས་ཡིན། དེ་ཡང་ན་གཞོན་གླུ་བ་འབྲོང་སྐྱེས་བསོད་ནམས་རྒྱལ་གྱིས་གློག་བརྙན་ཕབ་སྐྲུན་གྱི་འགན་འཁུར་བ་དང་། དབྱངས་རྩོམ་མཁན་གསང་བདག་གིས་བརྗོད་བྱའི་གླུ་དབྱངས་དང་རྒྱབ་ལྗོངས་རོལ་མོའི་གསར་རྩོམ་མཛད་ཅིང་། གླུ་མ་ཚེ་འཛིན་སྒྲོལ་མས་བརྗོད་བྱའི་གླུ་དབྱངས་བླངས་པ་དང་། འཁྲབ་ཁྲིད་པ་རྡོ་རྗེ་རྒྱལ་མཚན་གྱིས་འཁྲབ་ཁྲིད་པ་གཞོན་པའི་འགན་འཁུར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com