གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོབ་དང་ཞིག་གསོའི་ལས་གཞི་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ལྷ་མོས་བསྒྲིགས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2010-12-14 09:13:00 ཀློག་གྲངས།:


གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

  ཟླ་༡༢པའི་ཚེས་༡༢ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཞིག་གསོ་བྱེད་པའི་ལས་ཁུངས་དང་། བོད་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་གཞིའི་ནང་གི་གཅིག་སྟེ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཞིག་གསོ་བྱེད་པའི་ལས་གཞི་འགོ་རྩོམ་པའི་མཛད་སྒོ་བོད་ལྗོངས་རྩྭ་མདའ་རྫོང་ནས་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། མངའ་རིས་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཏུང་མེན་ཅོན་གྱིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཞིག་གསོ་བྱེད་པའི་ལས་གཞི་དེ་སྤུས་ཀ་བཟང་ཞིང་། འཆམ་མཐུན་ཡིན་པ། སྐྱེ་ཁམས་དཔལ་ཡོན་ལྡན་པ་བཅས་སུ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།


གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

  བོད་རང་སྐྱོང་ལྗོངས་ནི་རང་རྒྱལ་གྱི་རིག་དངོས་ཐོན་ཁུངས་ཆེན་པོ་ཞིག་སྟེ། ད་ལྟའི་བར་ཐོ་འགོད་བྱས་ཟིན་པའི་རིག་དངོས་ས་ཚིགས་༤༢༨༣ ཡོད་ལ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཞིག་གསོ་བྱེད་པའི་ལས་གཞི་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་གཞི་ཉེར་གཉིས་ནང་གི་གཅིག་ཡིན་པ་དང་། ཐེངས་འདིའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཞིག་གསོ་བྱེད་པའི་ལས་གཞིའི་ནང་གཙོ་བོ་གུ་གེ་རྒྱལ་རབས་ཀྱི་ཕོ་བྲང་དཀར་པོ་དང་། ཕོ་བྲང་དམར་པོ། ཆོས་རྒྱལ་ལྷ་ཁང་། སྒྲོལ་མ་ལྷ་ཁང་། དུས་འཁོར་ལྷ་ཁང་སོགས་ལྷ་ཁང་ཆེན་པོ་ལྔའི་ལྡེབས་རིས་སྲུང་སྐྱོབ་ཞིག་གསོ་དང་། གྱང་ཆག་གི་ཤུལ་དང་། བྲག་ཁུང་། མཐའ་འཁོར་གྱི་རི་ངོས་སྲ་བརྟན་དུ་གཏོང་བ་སོགས་ཚུད་ཡོད།


གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

  བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་། མངའ་རིས་ས་ཁུལ་ཏང་ཨུ། མངའ་རིས་ས་ཁུལ་རིག་གནས་ཅུས། མངའ་རིས་ས་ཁུལ་རིག་དངོས་ཅུས། རྩྭ་མདའ་རྫོང་སོགས་ཀྱི་འབྲེལ་ཡོད་འགན་ཁུར་ལས་གཞི་འགོ་རྩོམ་པའི་མཛད་སྒོར་ཞུགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།