མཚོ་སྔོན་པོ་བོད་ཡིག་དྲ་བའི་པར་གཞི་ལེགས་བཅོས་ཡོངས་གྲུབ་བྱུང་བ།
རྩོམ་པ་པོ།:རྡོ་རྗེ་རབ་བརྟན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-12-13 10:05:00
ཀློག་གྲངས།:
མཚོ་སྔོན་པོ་བོད་ཡིག་དྲ་བ༢༠༠༧ལོར་གསར་བཟོ་བྱས་པ་ཡིན་མོད། དང་ཐོག་ཉམས་མྱོང་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་ཞན་པའི་དབང་གིས། སྤྱི་ཆའི་ཇུས་འགོད་དང་པར་ངོས་སྒྲིག་གཞི། མ་ལག་མཉེན་ཆས་ཀྱི་བྱེད་ནུས་དང་བཅས་པ་ལེགས་པོ་ཞིག་མ་འཁྱོངས་ཤིང་། རྒྱ་ཆེ་བའི་དྲ་དམངས་ཀྱི་འདོད་བློ་ཇི་བཞིན་སྐོང་མ་ཐུབ། དེ་ཕྱིན་ང་ཚོར་སྔ་མོ་ནས་ལེགས་བཅོས་བྱེད་འཆར་ཡོད་ནའང་དཔལ་འབྱོར་དང་ལག་རྩལ་མི་སྣའི་མཐུན་རྐྱེན་དུས་ཐོག་ཏུ་མ་འཛོམས་སྟབས་རེ་ཞིག་ལ་པར་རྙིང་དེ་བཏང་སྙོམས་སུ་མི་འཇོག་ག་མེད་བྱུང་། ད་ལོར་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ངེད་མཚོ་སྔོན་པོ་ཆ་འཕྲིན་དྲ་རྒྱའི་ལྟེ་གནས་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ཞིང་། རྩོམ་སྒྲིག་མི་སྣ་དང་ལག་རྩལ་མི་སྣའང་འོས་འཚམ་ཞིག་བཀོལ་སྒྲིག་བྱས་སོང་བས། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་གསར་དུ་ཇུས་འགོད་བཟང་བོ་བྱས་ཏེ་ཁྱོན་ཡོངས་ནས་པར་གཞི་རྙིང་བར་ལེགས་བཅོས་བྱས་ཤིང་། དེ་རིང་ཡོངས་སུ་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ་ཡིན།
ལེགས་བཅོས་བྱས་པའི་མཚོ་སྔོན་པོ་དྲ་བས་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་རྩ་བའི་ངང་མདངས་མ་དོར་བར་སྤྱི་ཁོག་གི་ཐིགས་རྩ་འོས་ཤིང་འཚམ་པ་ཞིག་བཏབས་ཤིང་། ཚོན་གྱི་སྡེབ་ཁའང་ཡང་ཟོར་ལྡན་ཞིང་ཆ་ཤས་མ་འདྲེས་པར་གཟིགས་མོ་བ་རྣམས་ཀྱི་མཛེས་དཔྱོད་དང་རན་པའི་ཀུན་མཐུན་གྱི་པར་ངོས་ཤིག་བཟོས་ཡོད། ལེ་ཚན་གྱི་སྒྲིག་གཞི་ལ་སྐབས་དོན་དང་། ཆེད་དོན། སློབ་གསོ། རྩོམ་རིག དམངས་སྲོལ། ནང་བསྟན། ལོ་རྒྱུས། མི་སྣ། གསོ་རིག སྣོད་བཅུད། རྩེད་འཇོ། དཔེ་གཟིགས་བཅས་རྩ་བའི་ལེ་ཚན་བཅུ་གཉིས་དང་ལེ་ལག་ལྔ་བཅུ་ཡིས་གྲུབ་ཅིང་། ལེ་ཚན་རེ་རེ་ལའང་ནང་གསེས་ཀྱི་པར་གཞི་མི་འདྲ་བ་རེ་བཟོས་ཡོད་པས། འཁོད་ཡངས་ཤིང་རྔམས་མཐུག་པའི་དྲ་བ་ཆེ་ཁག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད། ཡིག་གཟུགས་ལ་རྒྱལ་སྤྱིའི་གཅིག་གྱུར་ཚད་ལྡན་གྱི་ཧི་མ་ལ་ཡ་ཡིག་གཟུགས་སྤྱད་ཡོད་པ་དང་། མ་ལག་མཉེན་ཆས་ཀྱི་ཐད་ལ་ཡང་མིག་སྔར་རྒྱལ་ནང་དུ་ཅུང་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད་པའིDotNetCMS པར་གཞི་དངོས་མ་སྤྱད་ཡོད་པས། བྱེད་ནུས་དང་དྲ་ལམ་མྱུར་ཚད་སོགས་གང་ཅིའི་ཐད་ནས་སྔོན་གྲས་སུ་ཚུད་གང་ཐུབ་བྱས་ཡོད།
མཚོ་སྔོན་པོ་བོད་ཡིག་དྲ་བ་ནི་སྣ་འཛོམས་རང་བཞིན་གྱི་རིག་གནས་དྲ་བ་ཞིག་ཡིན་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྐང་ཚུགས་ཏེ་མདོ་དབུས་ཁམས་གསུམ་ལ་མིག་རྒྱང་ཕྱོགས་པའི་བོད་ཀྱི་རིག་གནས་དར་སྤེལ་གཙོ་བྱས་བོད་ཁུལ་སོ་སོའི་སྲིད་འབྱོར་རིག་གསུམ་དང་། སྤྱི་ཚོགས་གོང་འཕེལ་སོགས་ཀྱི་ཆ་འཕྲིན་མ་ལུས་གཅིག་བསྡུས་བྱེད་པའི་བདག་ཉིད་ཅན་ཞིག་ཏུ་གཏོང་བའི་ཁ་ཕྱོགས་སྐྱོང་མུས་ཡིན། དེ་ཡང་མཚོ་སྔོན་པོ་བོད་ཡིག་དྲ་བ་ནི་གསར་བཙུགས་དྲ་བ་ཞིག་ཡིན་ཙ་ན། གཙོ་བོ་ཆ་འཕྲིན་ནང་འཇུག་དང་བཅས་པའི་ཐད་ལ་ད་དུང་མི་འདང་ས་ཧ་ཅང་མང་བོ་ཡོད་པས། ཕྱོགས་ཡོངས་ཀྱི་ཀློག་པ་པོ་རྣམས་ཀྱིས་དགོངས་འཆར་ལྷུག་སྩོལ་ཡོད་པར་ཞུ་བ་ལགས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།