ཨ་ལན་ཟླ་བ་སྒྲོལ་མས《འབྲོག་ཁྱི་རྡོ་རྗེ》ཞེས་པའི་བརྙན་འཕྲིན་སྐད་བསྒྱུར་བྱེད་པ།
ཨ་ལན་ཟླ་བ་སྒྲོལ་མས་སྐད་བསྒྱུར་བྱེད་བཞིན་པ།
ཉེ་ལམ། འཇར་པན་དུ་སྙན་གྲགས་རྒྱས་པའི་ཨ་ལན་ཟླ་བ་སྒྲོལ་མས་ཀྲུང་གོའི་ཀློག་བརྙན་ཀུང་སི་དང་འཇར་པནMADHOUSEགཉིས་མཉམ་འབྲེལ་སྒོས་སྤེལ་པའི《འབྲོག་ཁྱི་རྡོ་རྗེ》ཞེས་པའི་འགུལ་རིས་བརྙན་འཕྲིན་དེ་སྐད་བསྒྱུར་བྱེད་པ་རེད།
《འབྲོག་ཁྱི་རྡོ་རྗེ》ཞེས་པའི་བརྙན་འཕྲིན་ནི་བོད་རྒྱའི་ཁྲག་རྒྱུད་ཅན་གྱི་ལོ་བཅུ་ལོན་པའི་བྱིས་པ་ཐཱན་ཅིན་བོད་ཁུལ་ནས་འབྲོག་ཁྱི་ཞིག་དང་མི་ཚེའི་བདེ་སྡུག་མཉམ་རོལ་བྱས་པའི་གཏམ་རྒྱུད་ཞིག་ཡིན་ཞིང་། ཨ་ལན་ཟླ་བ་སྒྲོལ་མས་བརྗོད་བྱ་གླུ་གཞས་ལེན་པའི་འགན་བཞེས་པ་མ་ཟད། ད་དུང་བརྙན་འཕྲིན་འཁྲབ་སྟོན་མི་སྣ་གཙོ་བོར་སྐད་བསྒྱུར་བྱེད་པའི་ལས་དེ་དེང་ལེན་བྱས་པ་རེད།
ཁོ་མོས་བཤད་རྒྱུར། ཐོག་མར་ཀུང་སི་ཡིས་ཁོ་མོར་བརྗོད་བྱ་གླུ་གཞས་ལེན་དུ་བཅུག་པ་དང་། རྗེས་སུ་འཇར་པན་ཕྱོགས་ནས་ཁོ་མོའི་མི་རིགས་སྐྱེ་ཁུངས་དང་ལོ་ཚོད་སོགས་ཀྱི་ཆ་ནས་མི་སྣ་གཙོ་བོ་མེ་ཏོག་ལྷ་མོ་དང་ཆ་མཐུན་དུ་གནས་པར་སྙམ་ཏེ། ཁོ་མོར་སྐད་བསྒྱུར་བྱ་བའི་ལས་དེ་སྤྲད་ཅིང་། འདི་ནི་ཐོག་དང་པོར་ཁོ་མོས་འགུལ་རིས་བརྙན་འཕྲིན་ལ་སྐད་བསྒྱུར་བྱས་པ་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com