མཚོ་སྔོན་པོའི་ཡུལ་སྐོར་ཞབས་ཞུ་དེ་རྒྱལ་སྤྱིའི་ཚད་གཞི་ཅན་དུ་སླེབས་ཀྱི་ཡོད།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཞབས་ཞུ་ཚད་གཞི་ཅན་ཚོད་ལྟ་བྱེད་ས་ཡིན་པའི་ཆ་ནས། མཚོ་སྔོན་པོའི་ཡུལ་སྐོར་ཚད་གཞི་ཅན་གྱི་ལམ་ལུགས་མ་ལག་ལ་ཞིང་ཆེན་རིམ་པའི་ཆེད་མཁས་ཀྱིས་ཞིབ་བཤེར་བྱས་ཤིང་། ཡང་གཅིག་བཤད་ན་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཞིབ་བཤེར་གནང་མྱོང་བའི་ཡུལ་སྐོར་ལྟེ་གནས་ཡིན། ཞིང་ཆེན་རྒྱུ་སྤུས་ལྟ་བཤེར་ཅུའུ་དང་། ཞིང་ཆེན་རྒྱུ་སྤུས་དཔང་དངོས་བདེན་སྤྲོད་ལྟེ་གནས། ཞིང་ཆེན་ཡུལ་སྐོར་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱུ་སྤུས་ལྟ་བཤེར་ཅུའུ་སོགས་སྡེ་ཁག་གི་ཆེད་མཁས་པས་གྲུབ་པའི་ཞིབ་བཤེར་ཁུངས་མི་རྣམས་ཀྱི་བསམ་ཚུལ་ལ། མཚོ་སྔོན་པོ་ཡུལ་སྐོར་ལྟེ་གནས་སུ་ཞབས་ཞུ་ཚད་གཞི་ཅན་གྱི་འཛུགས་སྐྲུན་སྤེལ་བ་འདིས་མཚོ་སྔོན་པོའི་ཡུལ་སྐོར་ཞབས་ཞུ་མཐོར་འདེགས་སུ་གཏོང་བར་ཕན་ཐོགས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ས་ཁུལ་གཞན་གྱི་ཞབས་ཞུ་ཚད་གཞི་ཅན་ལ་གནས་ཁྲིད་དང་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ངེས་སྙམ།
ཞབས་ཞུ་ཚད་གཞི་ཅན་དུ་གཏོང་བ་ནི་ཞབས་ཞུའི་ཐོན་ལས་སྒྲིག་བཀོད་ལེགས་བཅོས་དང་། རྒྱལ་སྤྱིའི་ཞབས་ཞུ་ཚད་ཐིགས་ལ་སྦྲེལ་བའི་བྱ་ཐབས་གཙོ་བོ་ཞིག་ཡིན། རྒྱལ་ཁབ་ཀྱི《ཞབས་ཞུ་ཚད་གཞི་ཅན་ཚོད་ལྟ་བྱ་བའི་བསམ་འཆར》 ལྟར། 2009ལོར་ཞིང་ཆེན་རིམ་པས་ཞིབ་བཤེར་དང་གོང་ལ་སྙན་ཞུ་བྱས་པ་བརྒྱུད། རྒྱལ་ཁབ་ཚད་གཞི་ཨུ་ཡོན་གྱིས་རང་ཞིང་ཆེན་གྱི་མཚོ་སྔོན་པོ་ཡུལ་སྐོར་ལྟེ་གནས་སོགས་ལས་ཁུངས་གསུམ་ཞབས་ཞུ་ཚད་ལྡན་ཅན་ཚོད་ལྟ་བྱེད་སའི་ལས་ཁུངས་ཡིན་པར་ཆོག་མཆན་གནང་།
ཚོད་ལྟ་ལོ་གཅིག་ལྷག་སོང་བ་ནས་བཟུང་། མཚོ་སྔོན་པོ་ཡུལ་སྐོར་དོ་དམ་ཅུའུ་དང་མཚོ་སྔོན་པོ་ཡུལ་སྐོར་ཚོགས་ཁག་ཁེ་ལས་གཉིས་ཞིང་ཆེན་རྒྱུ་སྤུས་ཞིབ་བཤེར་སྡེ་ཁག་དང་མཉམ་འབྲེལ་སྒོས། ཡུལ་སྐོར་ཞབས་ཞུ་ཆ་ཡོངས་སུ་མཐོར་འདེགས་གཏོང་བ་དམིགས་སུ་བཟུང་སྟེ། འགྲོ་འདུག་སྤྱོད་གསུམ་དང་། ལྟ་སྐོར། ཉོ་ཚོང་། རོལ་རྩེད་སོགས་ཀྱི་ཞབས་ཞུ་ཚད་ལྡན་གཙོ་བོ་དང་། ཞབས་ཞུའི་རྨང་གཞི་དང་། སྤུས་ཚད། དོ་དམ། བདེ་ཐང་དང་འཕྲོད་བསྟེན། སྐྱེ་ཁམས་སྲུང་སྐྱོང། ལས་རིགས་རིག་པ། ལས་གནས་ཚད་གཞི་སོགས་རྣམ་གྲངས་བཅུ་གཉིས་ནས་འགོ་བརྩམས་ཏེ། མཚོ་སྔོན་པོའི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་མ་ལག་འཛུགས་སྐྲུན་མཛད་ཅིང་། ཡུལ་སྐོར་ཞབས་ཞུ་ཀུན་སྤྱོད་རྨང་གཞི་ཚད་ལྡན་མ་ལག་དང་། ཞབས་ཞུ་འགན་སྲུང་ཚད་ལྡན་མ་ལག་དང་ཞབས་ཞུ་འདོན་སྤྲོད་ཚད་ལྡན་མ་ལག་བཅས་ཚད་ལྡན་མ་ལག་གསུམ་ལེགས་བཅོས་བྱས་ལ། ཁེ་ལས་ཚད་ལྡན་རྣམ་གྲངས311འཛུགས་སྐྲུན་བགྱིས་ཏེ། མཚོ་སྔོན་པོ་ཡུལ་སྐོར་ལྟེ་གནས་དང་ཁེ་ལས་ཞབས་ཞུའི་ཕྱོགས་སོ་སོ་མངོན་པར་མཛད།
དེ་ལས་མཚོ་སྔོན་པོ་ཡུལ་སྐོར་ཞབས་ཞུ་ཀུན་སྤྱོད་རྨང་གཞིའི་མ་ལག་དེ་་ཕྱོགས་སྟོན་ཚད་ལྡན་ཅན་སོགས་རྣམ་གྲངས་དྲུག་ལ་འབྲེལ་ཞིང་། ཞབས་ཞུ་འགན་སྲུང་ཚད་ལྡན་མ་ལག་དེ་ཁོར་ཡུག་ཚད་ལྡན་དང་། ཐོན་ཁུངས་ཚད་ལྡན། སྒྲིག་ཆས་དང་སྤྱོད་ཆས་ཚད་ལྡན་སོགས་རྣང་གྲངས་བཅུ་ལ་འབྲེལ་བ་དང་། ཚད་ལྡན་མ་ལག་འདོན་སྤྲོད་ཞབས་ཞུ་དེ་ཞབས་ཞུ་ཚད་ལྡན་དང་། འཁོར་སྐྱོད་དོ་དམ་ཚད་ལྡན་སོགས་རྣམ་གྲངས་ལྔ་ལ་འབྲེལ་འདུག་པ་རེད། མཚོ་སྔོན་པོ་ཡུལ་སྐོར་ལྟེ་གནས་འདི་མ་འོངས་བར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རིམ་པའི་ཞབས་ཞུ་ཚད་ལྡན་ཅན་གྱི་ཡུལ་སྐོར་ལྟེ་གནས་སུ་འགྱུར་ངེས་པའི་རེ་བ་ཆེན་པོ་ཡོད་པ་རེད།
ལོ་ཙཱ་བ། ལྷ་མོ་ཚེ་སྐྱིད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com