པད་མ་རྫོང་རྨ་ཁྲ་ལི་གྲོང་བརྡལ་གྱི་སྒ་ལག་འབྲོག་དམངས་ཨུ་ཡོན་ལྷན་ཁང་ལ་ཁ་པར་འཐེན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-04-17 09:52:43 ཀློག་གྲངས།:

  ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་ལས་བྱེད་པ་པད་མ་རྒྱལ་གྱིས་རྫོང་མཁར་ནས་སྤྱེ་ལེ་བཅུ་ལྷག་ཡོད་པའི་རྨ་ཁྲ་ལི་གྲོང་བརྡལ་སྒ་ལག་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་འཁོར་སྐར་ཁ་པར་བརྒྱུད་དེ་རྫོང་ཐོག་གི་མགོ་ཁྲིད་པར་ས་དེར་ཁངས་གནོད་ཐེབས་པ་དང་གནོད་འཚེ་འགོག་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།  རྨ་ཁྲ་ལི་གྲོང་བརྡལ་གྱི་སྒ་ལག་འབྲོག་དམངས་ཨུ་ཡོན་ལྷན་ཁང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁ་པར་འཐེན་པ་ཆེས་གཞུག་མ་ཡིན་པའི་སྲིད་འཛིན་སྡེ་བ་དོན་དྲུག་ནང་གི་གཅིག་རེད།

  མཚོ་སྔོན་ཞིང་ཆེན་ནས་ལག་བསྟར་བྱས་པའི་སྡེ་བར་ཁ་པར་ཡོད་པའི་བཟོ་སྐྲུན་དང་ཀྲུང་གོའི་འཁོར་སྐར་འཕྲིན་ལམ་ཀུང་ཟི་ཡིས་རྒྱབ་སྐྱོར་བྱས་འོགའཁོར་སྐར་འཕྲིན་ལམ་གྱི་ལག་རྩལ་བཀོལ་སྤྱོད་བྱས་ནས། ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང༌། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་རྒྱང་རིང་མཐའ་འཁོབ་ཀྱི་སྲིད་འཛིན་སྡེ་དམངས་བརྒྱ་དང་གྱ་དྲུག་ཚང་མར་འཁོར་སྐར་ཁ་པར་འཐེན་པ་དེས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆེས་མཐའ་འཁོབ་ཀྱི་འབྲོག་དམངས་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་བྱེད་ཐུབ་ལ། འཁོར་སྐར་ཁ་པར་བརྒྱུད་དེ་ས་ཆ་གཞན་པ་དང་འབྲེལ་གཏུག་བྱེད་ཐུབ་པས།  མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་འཕྲིན་ཡིག་བསྐུར་ནས་མ་གཏོགས་ཕན་ཚུན་ལ་ལ་འབྲེལ་གཏུག་བྱེད་མི་ཐུབ་པའི་ལོ་རྒྱུས་མཇུག་རྫོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།