དར་ལག་རྫོང་གིས་འབྲོག་པ་བཅུ་བཞི་ཁངས་སྐྱོན་གྱི་ཉེན་ཁ་ལས་བསྐྱབས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-04-16 08:39:18 ཀློག་གྲངས།:

  ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཁངས་སྐྱོན་ཐེབས་པའི་འབྲོག་པ་བཅུ་བཞི་ས་དེའི་སྲིད་གཞུང་གིས་ཉེན་ཁ་ལས་བསྐྱབས།
  
ད་ལོའི་ཚུན་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ལ་བསྟུད་མར་ཁངས་བབས་ནས་ཁངས་སྐྱོན་ཚབས་ཆེན་བྱུང་བས།བ་ཡན་ཧ་རི་རྒྱུད་དུ་ཕྱུགས་འཚོ་བཞིན་པའི་དར་ལག་རྫོང་དཔོན་སྐོར་གོང་མ་ཞང་གི་གྲགས་བྷོ་བཅས་ཁྱིམ་ཚང་གསུམ་གྱི་འབྲོག་པ་བཅུ་བཞི་མཚོ་ངོས་ལས་མུས་སྟོང་བཞི་ལྷག་ཡོད་པའི་རི་ངོས་སུ་ལུས་ནས་ཉིན་བཞི་བཅུ་ལྷག་ལ་ཕྱི་ཡུལ་དང་འབྲེལ་བ་ཆད་པས།རྫོང་དེའི་སྲིད་གཞུང་གིས་ཐེངས་མང་པོར་བཙལ་ཡང་མ་རྙེད། ཟླ་གསུམ་པའིa་ཚེས་བཅུ་ཉིན། དུས་ཡུན་ཉིན་བཞི་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད།གྲགས་བྷོ་དང་དགེ་ལེགས་གཉིས་རི་ངོས་ལས་བབས་ཏེ་སྲིད་གཞུང་སྡེ་ཁག་ཏུ་རོགས་སྐྱོར་བྱེད་རྒྱུའི་རེ་འདུན་ཞུ་བར་ཡོང༌། དར་ལག་རྫོང་གིས་མྱུར་དུ་རོགས་སྐྱོར་རུ་ཁག་གསུམ་མངགས་ཏེ་དུས་ཚོད་བཅུ་བཞི་ལ་འབད་བརྩོན་བྱས་པ་མཐར།མང་ཚོགས་རྣམས་གནོད་པ་ལས་བསྐྱབས་པ་དང༌། གནོད་པ་ཐེབས་པའི་མང་ཚོགས་ཁྲོད་སྦྲུམ་མ་གཅིག་དང་བཙས་ནས་ཉིན་དགུ་འགོར་བའི་བྱིས་པ་ཞིག་ཀྱང་འདུག་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།