༄༅།། ལོ་སར་དགོང་ཚོགས་《གངས་ལྗོངས་ཀྱི་སྤྲོ་གླུ》ཞེས་པས་བོད་ས་གླང་ལོའི་ལོ་སར་ལ་བསུ་བ་ཞུ་བ།
བོད་ལྗོངས་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ལོ་སར་དགོང་ཚོགས་ཏེ་《གངས་ལྗོངས་ཀྱི་སྤྲོ་གླུ་》ཞེས་པ་ཉེ་ལམ་བྲེལ་ལོང་ངང་ནང་སྦྱོང་བྱེད་བཞིན་ཡོད་ལ། དགོང་ཚོགས་སྟེང་དུ་གཟིགས་མོ་བ་རྣམས་ལ་ཆ་རྒྱུས་ཡོད་པའི་བོད་ལྗོངས་ཀྱི་འཁྲབ་སྟོན་པ་སྐད་གྲགས་ཅན་ཞུགས་ཡོད་པ་ཕུད། ད་དུང་པེ་ཅིང་དང་། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ཀྱི་ས་ཁུལ་ནས་ཕེབས་པའི་འཁྲབ་སྟོན་པ་གྲགས་ཅན་ཁྱོན་བསྡོམས་༨༠༠ལྷག་ཙམ་ཡོད་ཅིང་། དེའི་ནང་དུ་ཞིང་འབྲོག་མང་ཚོགས་༢༠༠ལྷག་ཙམ་གྱིས་འཁྲབ་སྟོན་བྱས་པའི་དམངས་ཁྲོད་ཀྱི་ལྟད་མོ་༤ཚུད་ཡོད་པ་དང་། དགོང་ཚོགས་དེ་ཟླ་༢ཚེས་༢༤ཉིན་དངོས་སུ་ལྟད་མོ་བའི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།
ཟླ་༢ཚེས་༡༤ཉིན། གཞིས་ཀ་རྩེའི་ཞིང་པས་རྡོག་བྲོ་འཁྲབ་བཞིན་པ།
ཟླ་༢ཚེས་༡༤ཉིན། གངས་ལྗོངས་བུ་མོ་སྤུན་བདུན་གྱིས་དགོང་ཚོགས་སྟེང་འཁྲབ་སྟོན་བྱེད་པ།
ཟླ་༢ཚེས་༡༤ཉིན། བོད་ལྗོངས་ཀྱི་ན་གཞོན་ཚོས་དེང་རབས་ཞབས་བྲོ་འཁྲབ་པ།
ཟླ་༢ཚེས་༡༤ཉིན། འཁྲབ་སྟོན་པས་ལྟད་མོ་ནང་སྦྱོང་བྱེད་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com