༄༅།། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་རྡོར་བྷ་ཡི་ཆེས་ཐོག་མའི་བརྩམས་ཆོས«ས་སྲོད་ཀྱི་མྱ་ངན»ཞེས་པ་བརྙན་ཕབ་བ
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་རྡོར་བྷ།
ཤེས་པའི་གནས་ཚུལ་ལྟར་ན།བོད་རིགས་སློབ་གྲྭ་ཆེན་མོ་བ་ཁ་ཤས་ཀྱིས་གསར་རྩོམ་དང་ཕབ་སྐྲུན་བྱས་པའི་བོད་ཀྱི་རྩྭ་ས་རྩོད་གླེང་སྐོར་གྱི་གློག་བརྙན«ས་སྲོད་ཀྱི་མྱ་ངན»ཞེས་པ་ཉེ་ལམ་བརྙན་ཕབ་བྱས་ཚར་བ་དང་།ད་སྔ་དེའི་རྗེས་ཀྱི་སྒྲིག་སྦྱོར་བྱ་བ་བྲེལ་འཚུབ་ཀྱིས་སྒྲུབ་བཞིན་པའི་སྒང་རེད།
གློག་བརྙན་དེའི་འཁྲབ་ཁྲིད་པ་རྡོར་བྷ་ནི་འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་ལོ་རབས་བརྒྱད་ཅུ་བའི་རྗེས་ཀྱི་བོད་རིགས་སྟག་ཤར་ཞིག་ཡིན་པ་དང་། ཁོ་ནི་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་མ་ཐག་པའི་གློག་བརྙན་སྒྱུ་རྩལ་ལ་དགའ་མཁན་ཞིག་ཡིན་ཞིང་། ཁོ་ལ་མི་ཚེའི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་ལ། ཆེད་ལས་ལས་རིགས་ཀྱི་ཉམས་མྱོང་ཞན་ཡང་། ཁོ་གློག་བརྙན་སྒྱུ་རྩལ་ལ་དགའ་ཞེན་ཧ་ཅང་ཆེ།གློག་བརྙན«ས་སྲོད་ཀྱི་མྱ་ངན»ཞེས་པ་ནི་ཁོའི་མི་ཚེ་འདིའི་ཆེས་ཐོག་མའི་བརྩམས་ཆོས་རེད།
གློག་བརྙན་ནང་གི་འཁྲབ་ཚན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com