ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་མཚོ་ལྷོ་ཁུལ་གྱི་ལམ་རྒྱུད་བཞི་ནས་སྤེལ་རྒྱུ།
མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དེ་མཚོ་ལྷོ་ཁུལ་གྱི་ལམ་རྒྱུད་བཞི་ནས་སྤེལ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-07 14:41:00
ཀློག་གྲངས།:
སྐབས་བཅུ་གསུམ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་ཟླ7པའི་ཚེས8ནས་ཚེས11ཉིན་མཚོ་ལྷོ་ཁུལ་གྱི་གསེར་ཆེན་དང་ཁྲི་ཀ་ས་ཁུལ་ནས་སྤེལ་རྒྱུ་ཡིན་ལ། སྐབས་འདིའི་འགྲན་རྒྱུག་བྱ་འགུལ་དེ་མཚོ་ལྷོ་ཁུལ་གྱི་ལམ་རྒྱུད་བཞི་ནས་སྤེལ་རྒྱུ་རེད།
ཟླ7པའི་ཚེས8ཉིན། ཟི་ལིང་ནས་མཚོ་སྔོན་པོའི་བར།(ལམ་འདི་དག་བརྒྱུད་དགོས་ཏེ། ཟི་ལིང་གྲོང་ཁྱེར—རྒྱལ་རིམ་གཞུང་ལམ109—ཟི་ལིང་ནས་རིག་སྨོན་བར་གྱི་གཞུང་ལམ་རིམ་པ་དང་པོ—རིག་སྨོན་གཞུང—རྒྱལ་རིམ་གཞུང་ལམ109—མཚོ་སྔོན་པོ་མཚོ་ཤར་ལམ—མཚོ་ཤར་ལུག་རྒྱུད་སྤེལ་ར—མཚོ་བྱང་ཁུལ་བཅས་སོ།།)
ཟླ7པའི་ཚེས9ཉིན། མཚོ་བྱང་ཁུལ་གྱི་ནུབ་མཚོ་གྲོང་རྡལ་ནས་གསེར་ཆེན་རྫོང་རྟ་ནག་མ་གྲོང་རྡལ་བར།(ལམ་འདི་དག་བརྒྱུད་དགོས་ཏེ། རྐང་ཚ་རྫོང—འབྲོང་ཆུ་ཟམ་ཆེན—མཚོ་སྐོར་ནུབ་ལམ—རྟ་ནག་མ་གྲོང་རྡལ་བཅས་སོ།།)
ཟླ7པའི་ཚེས10ཉིན། མཚོ་སྔོན་པོ151གནས་སྐོར་ལྗོངས་རྒྱུ་ནས་ཁྲི་ཀ་རྫོང་གི་རྨ་སྲུབ་གྲོང་རྡལ་བར།(ལམ་འདི་དག་བརྒྱུད་དགོས་ཏེ། 151གནས་སྐོར་ལྗོངས་རྒྱུ—ཆབ་ཆ་ནས་ཅང་སི་གཞུང་ལམ(S201ལམ)—འགག་ཆུ་མཛོད—ཆབ་ཆ་གྲོང་རྡལ་གྱི་འབའ་རྫོང་ལམ—མཚོ་སྔོན་པོ་སྲང་ལམ་ཆེན་མོ—བྲག་དཀར་ཤར་ལམ—རྒྱལ་རིམ་གཞུང་ལམ214—རིན་སྨོན་ནས་གུང་ཧོའི་མྱུར་ལམ—རིག་སྨོན་གྲོང་རྡལ—ཟི་ལིང་ནས་རིག་སྨོན་བར་གྱི་གཞུང་ལམ་རིམ་པ་དང་པོ—མོ་རྡོ་སྐྱེ—ཧ་ཁྲིན—དགོ་མང་ལ—དཀར་བརྗིད—རྨ་སྲུབ་གྲོང་རྡལ་མགྲོན་བསུ་ཤར་ལམ—རྨ་སྲུབ་ཤར་ལམ་བཅས་སོ།།)
ཟླ7པའི་ཚེས11ཉིན། ཁྲི་ཀ་རྫོང་གི་རྨ་སྲུབ་གྲོང་རྡལ་ནས་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་བར།(ལམ་འདི་དག་བརྒྱུད་དགོས་ཏེ། རྨ་སྲུབ་གྲོང་རྡལ—S101ལམ—སྟོང་དཔོན—རྩ་བ་ནས་ཧ་ཁྲིན་གཞུང་ལམ—S202ལམ—རྩ་བ—S203ལམ—ཐུན་རིན་བཅས་སོ།།)
སྐབས་འདིའི་འགྲན་རྒྱུག་བྱ་འགུལ་ཁྲོད་མཚོ་ལྷོ་ཁུལ་དུ་ལམ་རྒྱུད་རིང་ཞིང་བགྲོད་ལམ་ཀྱག་ཀྱོག་ཡིན་པའི་ཁར། སྡེ་བ་དང་ཧྲེ་མང་པོ་བརྒྱུད་པདགོས་པས། འགྲན་རྒྱུག་བྱ་འགུལ་འདི་རང་ཁུལ་ནས་བདེ་བླག་ངང་ལེགས་འགྲུབ་འབྱུང་རྒྱུ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཧུར་ཐག་གིས་བྱ་འགུལ་ཁྲོད་ཞུགས་པ་དང་། རམ་འདེགས་དང་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུར་རག་ལས་ཤིན་ཏུ་ཆེ། ཐོག་མར་བདག་པོ་བཟང་བོ་བྱེད་དགོས་ཏེ། མཚོ་སྐོར་འགྲན་རྒྱུག་བྱ་འགུལ་འདི་རང་ཁུལ་དུ་ལམ་རྒྱུད་བཞི་བཀོད་སྒྲིག་བྱས་ཡོད་པ་དེ་ནི་རང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་གཟི་བརྗིད་ཡིན་ལ། ང་ཚོར་གནང་བའི་ཡིད་ཆེས་དང་གདེང་འཇོག་ཡང་ཡིན།
དེར་བརྟེན། གཅིག་ནས་ང་ཚོ་ཚང་མས་རང་འགུལ་གྱིས་བདག་པོའི་ལས་འགན་ཕྲག་ཏུ་ཁུར་ནས་ནུས་ཤུགས་འདོན་དགོས། གཉིས་ནས་རང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྤྲོ་སེམས་དང་མཛའ་མཐུན། དཔལ་ཡོན་གུས་བརྩི། མཉམ་གནས་ཟོལ་མེད་བཅས་ཀྱི་སྣང་བརྙན་ལེགས་པོ་དེ་འཛམ་གླིང་ལ་མངོན་ནས། མཚོ་ལྷོ་མི་དམངས་ཀྱི་བླ་ན་མེད་པའི་བྱམས་སེམས་དང་བརྩེ་སེམས། གུས་བཀུར་གྱི་སྤྱོད་བཟང་དེ་མཚོ་སྐོར་འགྲན་རྒྱུག་ལ་འབུལ་དགོས། གསུམ་ནས་འབྲེལ་ཡོད་སྡེ་ཁག་གི་བདེ་འཇགས་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་གང་ལེགས་བྱེད་དགོས་ཏེ། འགྲན་རྒྱུག་གི་སྐབས་སུ་ལམ་མི་གཅོད་པ་དང་འཕྲེད་རྒྱུག་མི་བྱེད་པ། རླངས་འཁོར(འཕྲུལ་རྟ་དང་ལྕགས་རྟ། གློག་རྒུལ་འཁོར་ལོ་སོགས)རྒྱུག་ལམ་དུ་མི་འགྲོ་བའམ་རྒྱུག་ལམ་མི་གཅོད་པ། རྒྱུག་ལམ་དུ་རླངས་འཁོར་གང་རུང་མི་འདུག་པ། འགྲན་རྒྱུག་ལ་གནོད་པའི་བྱ་བ་གང་ཞིག་ཀྱང་མི་སྒྲུབ་པ། རྒྱུག་ལམ་དུ་སོང་ནས་ཉེན་ཁ་མི་འབྱུང་བའི་ཆེད་རང་གི་བྱིས་པ་དང་ལོ་ལོན་ལ་ངེས་པར་དུ་ལྟ་སྐྱོང་ལེགས་པོ་བྱེད་དགོས། བཞི་ནས་རང་ཁྱིམ་དང་གཉེན་ཉེ་གྲོགས་པོར་དྲིལ་སྒྲོག་དང་ཁྲིད་སྟོན་ལེགས་པོ་བྱས་ནས། ཁྱིམ་མིའི་རང་འགུལ་སྒོས་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བྱེད་ཐབས་བརྩི་སྲུང་བྱེད་པར་སློབ་གསོ་བཏང་སྟེ། རང་ཉིད་ཀྱི་བྱང་ཚད་མཐོ་རུ་བཏེགས་ནས་མཚོ་ལྷོ་མི་དམངས་ཀྱི་སྣང་བརྙན་ལ་གནོད་པ་དང་འགྲན་རྒྱུག་ལ་གནོད་པའི་བྱ་བ་གཏན་ནས་མི་སྒྲུབ་པ་བྱེད་དགོས།
མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྣང་བརྙན་དང་། མཚོ་སྐོར་འགྲན་རྒྱུག་མཚོ་ལྷོ་ཁུལ་དུ་བདེ་བླག་དང་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་ཆེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཔལ་ཡོན་དང་སྤྲོ་སེམས། རང་འགན་ཁུར་བ། ཁྲིམས་ལུགས་བརྩི་སྲུང་བཅས་ཀྱི་སྲོལ་བཟང་དར་སྤེལ་བྱས་ཏེ་ཐེངས་འདིའི་འགྲན་རྒྱུག་བྱ་འགུལ་ཁྲོད་ནང་ཞུགས་དང་རྒྱབ་སྐྱོར་བྱེད་རྒྱུར་གྲོས་འགོད་བཏོན་པ་ཡིན།
མཚོ་སྐོར་འགྲན་རྒྱུག་དང་མཚོ་ལྷོ་ཁུལ་ལ་གཟི་བརྗིད་བརྩོན་དགོས།

མཚོ་ལྷོ་ཁུལ་སྤྱི་བདེ་ཅུའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག
2014ལོའི་ཟླ6པར།
མཚོ་ལྷོ་ཁུལ་བོད་སྐད་ཨུ་ནས་སྒྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།