ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།ཁྲི་འདུ་རྫོང་གིས་བོད་ཀྱི་གནའ་དཔེ་ཡིག་རྙིང་བྱ་བར་རྟོག་ཞིབ་བྱས་པ།
༄༅།།ཁྲི་འདུ་རྫོང་གིས་བོད་ཀྱི་གནའ་དཔེ་ཡིག་རྙིང་བྱ་བར་རྟོག་ཞིབ་བྱས་པ།
རྩོམ་པ་པོ།:རིག་ལྡན་རྒྱ་མཚོས་བསྒྱུར།
ཡོང་ཁུངས།:ཁྲི་འདུ་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་།
དུས་ཚོད།:2020-07-08 10:41:30
ཀློག་གྲངས།:
གནའ་དཔེ་ཡིག་རྙིང་ནི་ཀྲུང་ཧྭའི་ཡིག་རྙིང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་གནའ་དཔེ་ཡིག་རྙིང་སྲུང་སྐྱོབ་བྱ་བ་ནི་ཀྲུང་ཧྭའི་གནའ་དཔེ་ཡིག་རྙིང་འཆར་གཞིའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། རིག་གནས་དང་གནས་སྐོར་པུའུ་སོགས་པུའུ་ཨུ་བརྒྱད་ཀྱི《ལག་བསྟར་བྱ་ཐབས》ཀྱི་དགོངས་དོན་ལྟར། ཞིང་ཆེན་ཡོངས་ཀྱི་བོད་ཀྱི་གནའ་དཔེ་ཡིག་རྙིང་སྲུང་སྐྱོབ་བྱ་བའི་མཐུན་སྦྱོར་ཆེད་དོན་ཚོགས་འདུའི་བླང་བྱ་དང་ཡུས་ཧྲུའུ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་《ཁུལ་ཡོངས་ཀྱི་བོད་ཀྱི་གནའ་དཔེ་ཡིག་རྙིང་རྟོག་ཞིབ་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར། ཁྲི་འདུ་རྫོང་གི་བོད་ཀྱི་གནའ་དཔེ་ཡིག་རྙིང་ལ་ཁྱོན་ཡོངས་ནས་རྟོག་ཞིབ་དང་སྲུང་སྐྱོབ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་གནའ་དཔེ་ཡིག་རྙིང་བསྡུ་སྒྲིག་དང་སྲུང་སྐྱོབ་བྱ་བར་ཤུགས་བསྣོན་བྱ་ཆེད། ཉེ་སྔོན། ཁྲི་འདུ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁྲི་འདུ་རྫོང་མི་དམངས་སྲིད་གཞུང་བྱ་བའི་གཞུང་སྒྲུབ་ཁང་། ཁྲི་འདུ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཁྲི་འདུ་རྫོང་མི་རིགས་མཐུན་སྒྲིལ་བྱ་བའི་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བོད་ཀྱི་གནའ་དཔེ་ཡིག་རྙིང་རྟོག་ཞིབ་བྱ་བ་བསྒྲུབས།
ཐེངས་འདིའི་བོད་ཀྱི་གནའ་དཔེ་ཡིག་རྙིང་རྟོག་ཞིབ་བྱ་བའི་ཕྱོགས་གཅིག་ནས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། གལ་ཆེའི་ཕྱོགས་ནས་གསར་སྤེལ་བེད་སྤྱོད་ཀྱི་དུས་མཚུངས་སུ། ཁྲི་འདུ་རྫོང་གིས་བོད་ཀྱི་གནའ་དཔེ་ཡིག་རྙིང་སྲུང་སྐྱོབ་དང་བསྡུ་སྒྲིག་སྔོག་འདོན་དང་ཞིབ་འཇུག་གི་རིམ་པར་རྨང་གཞི་བཞག་ཏེ། ཕུལ་བྱུང་རིག་གནས་བེད་སྤྱོད་དང་། ཞིབ་འཇུག་སློབ་སྦྱོང་། དེ་མིན་གསོག་ཉར་བྱེད་པར་ཁག་ཐེག་བྱས་པ་རེད། ཐེངས་འདིར་ཤང་དང་གྲོང་རྡལ། སྡེ་བ་སོ་བདུན་གྱི་དགོན་སྡེ་དང་ཆོས་ལུགས་བྱེད་གནས་སོགས་ཀྱི་ཡུལ་དངོས་སུ་སོང་ནས། རང་ས་གནས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་། ཤེས་ཡོན་པས་མི་རིགས་ཀྱི་གནའ་དཔེ་ལས་དོན་ལ་དགའ་ཞེན་ཆེ་བའི་ཕུལ་བྱུང་ལས་བྱེད་པ་དང་སྤྱི་ཚོགས་ཚོགས་པར་མཐུན་འགྲིག་སྐུལ་ལྕག་བྱེད་པ་དང་། དགོན་སྡེ་དང་ཆོས་ལུགས་བྱེད་གནས་ཀྱིས་དང་ལེན་བྱེད་པར་ཁྲི་འདུ་རྫོང་གི་ཉེ་རབས་ཀྱི་ལོ་རྒྱུས་དང་། རིག་གནས་ཁྱད་ཆོས། དམངས་སྲོལ་སོགས་ཀྱི་རིག་གནས་གནའ་དཔེ་རྒྱུ་ཆ་མཁོ་འདོན་བྱས་ཏེ། ཁྲི་འདུ་རྫོང་གིས་མུ་མཐུད་དུ་གནའ་དཔེ་དག་སྒྲིག་དང་སྲུང་སྐྱོབ་བྱ་བར་རྨང་གཞི་བཏིང་བ་དང་། གནའ་དཔེ་ལེགས་སྒྲིག་གི་དཔུང་ཁག་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ཐད་ཀྱིི་ཕུལ་བྱུང་འཇོན་མི་གསོ་སྐྱོང་དང་། གནའ་དཔེ་ལེགས་སྒྲིག་རྟོག་ཞིབ། སྲུང་སྐྱོབ་བྱ་བར་རྨང་གཞི་ངེས་ཅན་ཞིག་བསྐྲུན།
རྟོག་ཞིབ་ལས་ནན་གྱིས་བསྟན་དོན། དེང་སྐབས་དང་རྗེས་ཕྱོགས་སུ་ཁྲི་འདུ་རྫོང་གིས་གནའ་དཔེ་བྱ་བར་གཤམ་གྱི་ཕྱོགས་འགའ་ནས་ཤུགས་བསྣོན་དགོས་ཏེ། གཅིག་ནས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་དོན་གྱི་རྨང་གཞི་རང་བཞིན་གྱི་བྱ་བར་སྐུལ་འདེད་གཏོང་དགོས། སེམས་ཞིབ་མོས་གཞི་རིམ་བྱ་བར་ཤུགས་བསྣན་ཏེ། ཚན་རིག་གི་འཆར་འགོད་དང་། དམངས་ཁྲོད་ཀྱི་ངག་རྒྱུན་གནའ་དཔེ་མྱུར་སྐྱོབ་དང་། དྲིལ་སྒྲོག་གི་བསམ་ཕྱོགས་གསར་གཏོད་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཆེར་བསྡུ་ལེན་དང་། ཚན་རིག་ལ་བརྩི་མཐོང་སྒོས་ཕྱི་ཕྱོགས་བརྗེ་རེས་ལ་ཤུགས་བསྣོན་དགོས། གཉིས་ནས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཁྱད་ལྡན་ཟོང་རྟགས་གསར་སྐྲུན་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་གིས་དྲིལ་སྒྲོག་གི་བསམ་ཕྱོགས་གསར་གཏོད་དང་། མི་རིགས་ཀྱི་གནའ་དཔེ་ཡིག་ཚང་ཐོན་ཁུངས་གསར་སྤེལ་གྱི་ལས་འགན་ཕྲག་ཏུ་བླངས་ནས། མི་རིགས་ཀྱི་གནའ་དཔེ་གསར་སྤེལ་བེད་སྤྱོད་དང་ས་གནས་ཀྱི་དཔལ་འབྱོར་རིག་གནས་འཛུགས་སྐྲུན་གཉིས་གཞི་གཅིག་ཏུ་བྱས་ཏེ། མི་རིགས་ཀྱི་གནའ་དཔེ་ཀྱི་ཐུན་མིན་བྱེད་ནུས་འདོན་སྤེལ་བྱས་སྟེ། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ཞབས་ཞུ་འདོན་དགོས། གསུམ་ནས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་འཇོན་མིའི་དཔུང་ཁག་དང་རིག་ཚན་འཛུགས་སྐྲུན་ལ་ཤུགས་བསྣོན་དགོས། མུ་མཐུད་དུ་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། འཇོན་མི་གསོ་སྐྱོང་གི་རྣམ་པ་འཐུས་ཚང་དུ་བཏང་ནས། གནའ་དཔེ་དག་སྒྲིག་བེད་སྤྱོད་དང་སྲུང་སྐྱོབ་བྱ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཞི་ནས་གནའ་དཔེའི་ཐོན་ཁུངས་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་གཉིས་རྒྱུན་འཁྱོངས་བྱས་ཏེ། གནའ་དཔེ་ཐོན་ཁུངས་ཞིབ་འཇུག་བེད་སྤྱོད་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དོ་དམ་ཚད་ལྡན་ལ་ཤུགས་བསྣོན་དགོས་ཞེས་བསྟན།

འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།