༄༅།།བོད་ཀྱི་བང་སོ་འདི་ནས་རིག་དངོས་རྩ་ཆེན་མང་པོ་རྙེད་འདུག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2020-12-08 09:34:15
ཀློག་གྲངས།:
གནའ་རྫས་རྟོག་ཞིབ་གསར་ཤོས་ལས་མངོན་པར། མངའ་རིས་སང་དར་ལུང་འགོའི་བང་སོ་ནས་དུར་རྫས་འབོར་ཆེན་རྙེད་པའི་ཁྲོད་ཤིང་བཟོས་དུར་རྫས་ཐོག་མར་རྙེད་ཅིང་། དེ་ནི་མཚོ་བོད་ས་མཐོ་ནས་ཐོག་མར་རྙེད་པ་ཞིག་རེད། བང་སོ་དེའི་གནའ་རྫས་རྟོག་ཞིབ་ལས། གནའ་དུས་ཀྱི་བོད་ལྗོངས་ནུབ་རྒྱུད་ཀྱི་སྤྱི་ཚོགས་རྣམ་པ་དང་། འཚོ་བ་སྐྱེལ་སྟངས། དེ་བཞིན་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས། ཤིན་ཅང། ཀྲུང་ཡོན་སོགས་དང་འགྲོ་འོང་ཡོད་པའི་ཐད་ལ་དཔྱད་གཞི་གསར་པ་ཞིག་མཁོ་འདོན་བྱས་ཡོད།
སང་དར་ལུང་འགོའི་བང་སོའི་ཡུལ་ལྗོངས་ཧྲིལ་པོ།
སང་དར་ལུང་འགོའི་བང་སོ་ནས་རྙེད་པའི་ཤིང་བཟོས་དུར་རྫས། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝུའེ་ཡིས། སང་དར་ལུང་འགོའི་བང་སོ་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུ་གནས་ཡོད། དེར་བང་སོ་མང་ཞིང་། དེ་ནས་ཐོན་པའི་དུར་རྫས་གྲས་སུ་རྫ་ཆས་དང་། ཟངས་ཆས། རྡོ་ཆས། འཁེལ་འཐག་དངོས་རྫས། ཤེལ་ཕྲེང། ཤིང་གི་པུར་སྒམ་སོགས་ཡོད། ལྷག་པར་དུ“ཤིང་བཟོས་དུར་རྫས་ནི་མཚོ་བོད་ས་མཐོ་ནས་ཐོག་མར་རྙེད་པ་ཞིག་ཡིན་ཞིང་། དེའི་བཟོ་དབྱིབས་ཀྱི་ཁྱད་ཆོས་ཤིན་ཅང་ཐུའུ་ལུའུ་ཧྥན་རྒྱུད་ཀྱི་བང་སོ་ནས་རྙེད་པའི་ཤིང་བཟོས་དུར་རྫས་དང་འདྲ་པོ་འདུག”ཅེས་བརྗོད།
2017ལོའི་ཟླ12པར། རྩྭ་མདའ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས། བང་སོ་དེ་ཐོག་མར་རྙེད་ཡོད། དེ་རྗེས་སང་དར་ལུང་འགོའི་བང་སོ་སྔོག་འདོན་བྱ་རྒྱུ་དེ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཀྱི་རྣམ་གྲངས་ནང་བཅུག་པ་མ་ཟད། གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྤྲད་ཡོད། དེར་བརྟེན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱིས་ལོ་འཁོར་བཞིའི(2017ལོ་ནས2020ལོ་བར)རིང་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་ཤིང་། མིག་སྔར་རྣམ་གྲངས་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
སང་དར་ལུང་འགོའི་བང་སོ་ནས་རྙེད་པའི་གསེར་གྱི་མགུལ་རྒྱན་དང་མ་ན་ཧོ།
སང་དར་ལུང་འགོའི་བང་སོ་ནས་རྙེད་པའི་འབག


2017ལོའི་ཟླ12པར། རྩྭ་མདའ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས། བང་སོ་དེ་ཐོག་མར་རྙེད་ཡོད། དེ་རྗེས་སང་དར་ལུང་འགོའི་བང་སོ་སྔོག་འདོན་བྱ་རྒྱུ་དེ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཀྱི་རྣམ་གྲངས་ནང་བཅུག་པ་མ་ཟད། གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྤྲད་ཡོད། དེར་བརྟེན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱིས་ལོ་འཁོར་བཞིའི(2017ལོ་ནས2020ལོ་བར)རིང་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་ཤིང་། མིག་སྔར་རྣམ་གྲངས་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།


འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།