༄༅། །དངོས་བཤུས་བརྙན་འཕྲིན«ང་རང་གཙང་གསུམ་མགོ་ན་ཡོད»ཅེས་པར་མཚོ་ནུབ་ཀྱི་ལས་བྱེད་མང་ཚོགས་ཁྲོད་དོ་སྣང་བྱེད་ཡུལ་དུ་གྱུར།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-04-02 08:30:04 ཀློག་གྲངས།:
        བསྟུད་མར་ཉིན་འགའི་ཚུན་ལ། དངོས་བཤུས་བརྙན་འཕྲིནང་རང་གཙང་གསུམ་མགོ་ན་ཡོདཅེས་པར་མཚོ་ནུབ་ཁུལ་གྱི་ལས་བྱེད་མང་ཚོགས་ཁྲོད་དོ་སྣང་བྱེད་ཡུལ་དུ་གྱུར། ཚང་མས་དངོས་བཤུས་བརྙན་འཕྲིན་གྱིས་གཙང་གསུམ་འགོ་ཁུངས་ཀྱི་གདོད་མ་དང་དོན་དངོས། དག་གཙང་གི་རང་བྱུང་ཁོར་ཡུག་དང་གཏམ་རྒྱུད་མངོན་པར་བརྗོད་ཡོད་པས།ཀྲུང་ཧྭའི་ཆུ་མཛོད་ཀྱི་དྭངས་གཙང་དང་རང་བྱུང་གི་འཆམ་མཐུན་མཛེས་སྡུག་མཐོང་ཡོད་པ་བསྟན། 
        དངོས་བཤུས་བརྙན་འཕྲིན༼ང་རང་གཙང་གསུམ་མགོ་ན་ཡོད༽ཅེས་པ་ནི་དུས་ཡུན་ལོ་ངོ་ལྔའི་རིང་ལ་ཕབ་སྐྲུན་བྱས་པ་ཡིན་ཞིང་། གཙང་གསུམ་འགོ་ཁུངས་ཀྱི་མི་དང་རང་བྱུང་ཁམས་དང་། ལྷག་པར་དུ་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འཆམ་མཐུན་མཉམ་གནས་དང་ཐུན་མོང་དུ་འཚོ་བའི་གསོན་ཉམས་ཀྱི་གཏམ་རྒྱུད་བརྗོད་དེ། མཐོ་སྒང་གི་རིགས་སོ་སོའི་མང་ཚོགས་ཀྱིས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་གྱི་འདུ་ཤེས་མངོན་མཚོན་བྱས་ལ། རང་བྱུང་ཁམས་ལ་གཅེས་བཀུར་དང་ཚེ་སྲོག་ལ་གཅེས་བཀུར། ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པའི་སྤྱིར་བཏང་ཡིན་ལ་མི་སེམས་སྒུལ་བའི་གཏམ་རྒྱུད་བརྗོད་དེ། གོ་ལ་སྒང་གི་མི་དམངས་ལ་མདོ་དབུས་མཐོ་སྒང་གི་ལྟོ་བའི་རང་བྱུང་གི་མཛེས་པ་དང་། ཚེ་སྲོག་གི་མཛེས་པ། སྤྱོད་ལམ་གྱི་མཛེས་པའི་མཆོག་མངོན་པར་བསྟན་ཡོད་པར་མ་ཟད། མཚོ་སྔོན་མི་དམངས་ཁྱིམ་གཞིས་ལ་དགའ་བ་དང་ཕུགས་འདུན་ལ་བརྩོན་པ། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་པའི་བརྗོད་བྱ་མངོན་པར་མཚོན་ཡོད་ལ། འདི་ནི་ཀྲུང་གོའི་གཏམ་རྒྱུད་དང་རྒྱལ་སྤྱིའི་གླེང་གཞི་མཚོན་པའི་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་ཐུན་མོང་གི་དོ་སྣང་བྱེད་ཡུལ་དུ་གྱུར།
        གཏེར་ལེན་ཁ་གྲོང་ཁྱེར་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་བུའུ་ཞི་ལའེ་ཡིས་བཤད་རྒྱུར། བརྙན་འཕྲིན་བརྩམས་ཆོས་ཧྲིལ་པོར་ང་ཚོའི་གཙང་གསུམ་འགོ་ཁུངས་ཀྱི་སྣང་བརྙན་མངོན་པར་བསྟན་ཡོད་ལ། ལྷག་པར་དུ་ང་ཚོའི་མཛེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཡོངས་ཁྱབ་རང་བཞིན་མཐོང་ཐུབ་པས། འདི་ལས་ང་ཚོ་ནི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་ཏུ་འཚོ་ཡོད་པ་ཚོར་ཐུབ་ཟེར།  ཐེམ་ཆེན་རྫོང་གི་འབྲོག་པ་དོན་འགྲུབ་རྒྱལ་གྱིས་བཤད་རྒྱུར། བརྙན་འཕྲིན་འདི་ལས་ཤེས་ཐུབ་པ་ཞིག་ནི་ངའི་ཕ་ཡུལ་ལ་མཚོན་ནའང་ལོ་འདི་འགའི་ནང་ལ་རི་སྐྱེས་སྲོག་ཆགས་དང་བྱ་རིགས་སོགས་ཀྱི་གྲངས་ཀ་ཇེ་མང་ནས་ཇེ་མང་ཡིན་པས། རྒྱལ་ཁབ་ཀྱིས་རི་དྭགས་ལ་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དངོས་འབེབ་བྱས་པ་ལས་དྲིལ་སྒྲོག་ཐད་ནས་ཀྱང་གྲུབ་འབྲས་བླངས་ཡོད་ཟེར།
        ཚང་མས་དངོས་བཤུས་བརྙན་འཕྲིན༼ང་རང་གཙང་གསུམ་མགོ་ན་ཡོད༽ཅེས་པའི་ནང་མཚོ་སྔོན་རིགས་སོ་སོའི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ལ། ཞིང་ཆེན་གྱི་དོན་ཆེན་ཡང་ཡིན་པའི་འདུ་ཤེས་ལག་ཏུ་བསྟར་བ་དང་། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་གཙང་གསུམ་འགོ་ཁུངས་ལ་སྔར་ལས་སྲུང་སྐྱོབ་བྱེད་རྒྱུར་སྐུལ་ལྕག་བྱས་ནས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བཏང་ཡོད་པ་བསྟན།
        ཚྭ་འདམ་ཆེ་བ་གྲོང་རྡལ་གྱི་མི་དམངས་ལམ་སྡེ་ཁུལ་གྱི་སྡོད་དམངས་ལིས་ཡུན་མིན་གྱིས་བཤད་རྒྱུར། དངོས་བཤུས་བརྙན་འཕྲིན་གྱི་བརྙན་རིས་རེ་རེ་ནི་ཡིད་འགུལ་ཐེབས་ལ་ངོ་མཚར་དུ་འཇུག  རེ་བ་ལ་ང་ཚོས་མཛེས་སྡུག་གི་ཁྱིམ་གཞིས་འདིར་གཅེས་སྤྲས་བྱས་ནས། ངེས་པ་དོན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་འབད་དགོས་ཟེར།
        མཚོ་ནུབ་ཁུལ་ནགས་རྩལ་དང་རྩྭ་ཐང་ཅུའུ་ཡི་རི་སྐྱེས་སྲོག་ཆགས་དང་རང་བྱུང་སྲུང་སྐྱོབ་དོ་དམ་ཚན་ཁག་གི་འགན་འཛིན་པ་ལིས་ཅིན་ཧྲན་གྱིས་བཤད་རྒྱུར། རྗེས་མ་ཡིན་ན་ང་ཚོས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་མཚོ་ནུབ་ཀྱི་བྱ་བའི་འཆར་འགོད་མཛུབ་སྟོན་དུ་བཟུང་ནས། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྣེ་ཁྲིད་འོག  མུ་མཐུད་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ལ། རང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཚན་རིག་ཅན་དུ་སྐུལ་འདེད་བྱས་ནས། ཞིང་ཆེན་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།