ཆབ་མདོ་བྲག་གཡབ་ནས་གནའ་བོའི་བང་སོ༧རྙེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2022-04-02 10:36:35
ཀློག་གྲངས།:
ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་འཁོར་རྭ་ཤང་དབུ་པ་གྲོང་ཚོ་སྤྲིན་དཀར་རང་བྱུང་གྲོང་ཚོར་ཕྱིར་མངོན་པའི་བང་སོ7གསར་དུ་རྙེད་ཡོད་པ་དང་། སྤྱི་ཟླ3པའི་ཚེས17ནས་ཚེས27ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཚོགས་ཆུང་གིས་གནའ་རྫས་རྟོག་ཞིབ་རུ་ཁག་དང་མཉམ་འབྲེལ་བྱས་ནས་ཁྲོན་བོད་གཞུང་ལམ་གྱི(བོད་ལྗོངས་ཆབ་མདོའི་ལམ་དུམ་བུའི)ལེ་ལག་གཞུང་ལམ་དགུ་དང་གློག་འདོན་ལས་གྲྭ་སོགས་རྣམ་གྲངས་སུ་རིག་དངོས་གནའ་རྫས་རྟོག་ཞིབ་དང་དཔྱད་དཔོག་གི་ལས་དོན་སྤེལ་སྐབས་བང་སོའི་ཁྱུ་ཚོགས་དེ་རྙེད་པ་དང་འབྲེལ། འཕྲལ་དུ་མྱུར་སྐྱོབ་རང་བཞིན་གྱི་གནའ་རྫས་གཙང་སེལ་བྱས་ཡོད་པ་རེད།

གསར་དུ་རྙེད་པའི་བང་སོ།
ཤེས་རྟོགས་བྱུང་བར་གཞིགས་ན། མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་ལས་དོན་ཁྲོད་ཐོན་པའི་མིའི་ཀེང་རུས་ཉར་ཚགས་ཅུང་ལེགས་པོ་བྱུང་ཡོད་པ་དང་། དུར་འཇུག་བྱེད་སྟངས་ཚང་མ་ཙོག་པུར་འཇོག་པའི་རྣམ་པ་དེ་ཡིན་ཞིང་། དུར་རྫས་གང་ཡང་མེད་པ་རེད། ལོ་མང་རིང་ཆར་ཆུ་བབས་ནས་རི་ཉིལ་བ་མ་ཟད། རི་འདབ་གྱི་གཟར་ཐུར་ཡོད་སར་གནས་པའི་དབང་གིས་དུར་སའི་བཟོ་དབྱིབས་ལ་ཚོད་དཔག་གནད་འཁེལ་པོ་བྱེད་ཐབས་བྲལ་ཡོད།

གསར་དུ་རྙེད་པའི་བང་སོ།
གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ངོས་ནས་ཐོན་པའི་མིའི་ཀེང་རུས་ཡོད་ཚད་འཚོལ་བསྡུ་བྱས་ཟིན་པ་དང་། གོམ་སྟབས་རྗེས་མར་འབྲེལ་ཡོད་ལེགས་སྒྲིག་དང་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་རེད། ཀེང་རུས་ཕུང་གསོག་ཐེབས་པའི་གནས་ཚུལ་ནས་བལྟས་ན། ས་ཆ་དེ་དང་དེའི་མཐའ་སྐོར་དུ་ད་དུང་བང་སོ་གཞན་ཡོད་སྲིད།


གསར་དུ་རྙེད་པའི་བང་སོ།
གནའ་རྫས་རྟོག་ཞིབ་རུ་ཁག་གིས་འཕྲལ་མ་ཉིད་དུ་བྲག་གཡབ་རྫོང་རིག་གནས་ཅུས་དང་དབུ་པ་གྲོང་ཚོར་བརྡ་ཐོ་བཏང་བ་མ་ཟད། དུར་སའི་ཉེ་འཁོར་དུ་གཏོར་བཤིག་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད་པའི་ལས་དོན་གང་ཡང་སྤེལ་མི་ཆོག་པ་བཟོས་ཡོད་ལ། ད་ཐེངས་མྱུར་སྐྱོབ་སྔོག་འདོན་བྱས་པའི་བང་སོ་འདིའི་ལོ་རབས་དང་ངོ་བོ་སོགས་གསལ་པོ་བཟོས་རྗེས་གོམ་སྟབས་རྗེས་མའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།