མཚོ་ལྷོ་ཁུལ་གྱིས“མི་རིགས་མཐུན་སྒྲིལ་རྟགས་མའི”གསར་རྩོམ་བརྙན་ཐུང་འགྲེམས་སྟོན་སྐབས་གཉིས་པ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-04-08 08:27:16 ཀློག་གྲངས།:
        ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས། མཚོ་ལྷོ་ཁུལ་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གིས་འགན་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”གསར་རྩོམ་བརྙན་ཐུང་འགྲེམས་སྟོན་སྐབས་གཉིས་པ་དེ་ཁྲི་ཀ་རྫོང་དུ་མཇུག་སྒྲིལ་བ་རེད།
        སྐབས་འདིའི་བྱེད་སྒོ་དེ་གློག་བརྙན་ཆུང་གྲས་འགྲེམས་སྟོན་དང་བརྙན་ཐུང་འགྲེམས་ཚོགས། ས་གདན་དམར་པོ་བརྒྱུད་པའི་རྣམ་པ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་བཅས་ཁག་བཞི་རུ་དབྱེ་ཡོད་ཅིང་། གློག་བརྙན་འགྲེམས་སྟོན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་བརྩམས་ཆོས36བསྡུ་རུབ་བྱས་པའི་ནང་ཁོར་ཡུག་སྲུང་སྐྱོང་དང་འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་མང་པོ་ཚུད་ཡོད་པ་ལ། གློག་བརྙན་འགྲེམས་སྟོན་གྱི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་དཔྱད་འདེམས་ཚོགས་ཆུང་གིས་དུས་ཡུན་ཉིན20ཡི་རིང་ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད་བརྩམས་ཆོས8ལ་བྱ་དགའ་མི་འདྲ་བ9ཐོབ་པ་དང་། དེའི་ཁྲོད་ནས་བརྩམས་ཆོས«འོ་མ»ལ་བརྙན་ཐུང་ཡག་ཤོས་ཀྱི་བྱ་དགའ་དང་འཁྲབ་ཁྲིད་ཡག་ཤོས་ཀྱི་བྱ་དགའ་ཆེན་པོ་གཉིས་ཐོབ་པ་དང་། བརྩམས་ཆོས«སྟོན་གྱི་དྲི་བསུང»ཞེས་པའི་འཁྲབ་གཞུང་ལ་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཐོབ། བརྩམས་ཆོས«སྟོན་མཇུག་གི་མཇུག་ཏུ»ལ་པར་ལེན་བྱ་དགའ་ཡག་ཤོས་ཐོབ། «བྲག་དཀར་སྤུན་གསུམ»དང«གྲོང་གསེབ་པའི་ཉམས་ཞན»ཞེས་པའི་བརྩམས་ཆོས་གཉིས་ལ་ཕུལ་བྱུང་གི་གསར་རྩོམ་བརྙན་ཐུང་གི་བྱ་དགའ་ཐོབ། «མགོ་སྐོར་ལ་མཉམ་འཇོག་མཛོད»དང«སློབ་གྲྭའི་གཏུམ་སྤྱོད་ལ་དོ་ཁུར་བྱེད་པ» «བཀྲ་ཤིས་ཀྱི་ཁྱིམ་གྱི་གཏམ་རྒྱུད»སོགས་བརྩམས་ཆོས་གསུམ་ལ་ཁྱབ་ཁོངས་ནང་ཚུད་པའི་བྱ་དགའ་ཐོབ་ཡོད་པ་རེད། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དྲ་ཐོག་དང་དྲ་ཕྱིའི་བྱེད་ཐབས་གཉིས་བརྒྱུད་དེ་དྲ་རྒྱ་དང་སློབ་གྲྭ་ཆེ་ཁག བརྙན་འཕྲིན་འཕྲིན་ལམ་བཅས་སུ་སྟོན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།