མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཟླ༧པར་མཚོ་སྔོན་དུ་སྤེལ་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-04-08 11:07:58
ཀློག་གྲངས།:
མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས21པའི་ཉིན་བརྒྱའི་རྗེས་ཀྱི་འགྲན་སྡུར་འགོ་ཚུགས་མཛད་སྒོ་དེ། ཟླ་འདིའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཨོ་རྩལ་ཐང་ཆེན་དུ་གཉེར་བ་དང་། འགྲན་སྡུར་གྱི་ལམ་ཐིག་དང་བར་ཐག་སོགས་ཀྱི་བཀོད་སྒྲིག་ཀྱང་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱས།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། རྒྱལ་སྤྱིའི་ལྕགས་རྟའི་ལུས་རྩལ་མནའ་འབྲེལ(UCI)འགྲན་སྡུར་གྱི་བཀོད་སྒྲིག་ལྟར། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས21པ་དེ2022ལོའི་ཟླ7པའི་ཚེས10ཉིན་ནས་ཚེས17ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་སྤེལ་རྒྱུ་རེད། ཟླ7པའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་མཛད་སྒོ་འཚོགས་ཏེ། ཚེས17ཉིན་ན་གོར་མོ་གྲོང་ཁྱེར་དུ་མཇུག་བསྡུ་རྒྱུ་རེད།
2022ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་ཁྱོན་བསྡོམས་འགྲན་མཚམས8ལ་དབྱེ་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ1367ཙམ་ཡོད་པའི་ནང་། འགྲན་སྡུར་གྱི་བར་ཐག་སྤྱི་ལེ1047ཙམ་དང་འགྲན་མཚམས་སྤྱི་ལེ320ཙམ་ཟིན་ཞིང་། ལམ་བར་དུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་ཁུལ་བཅས་བརྒྱུད་དགོས་ཀྱི་ཡོད་དེ། སྒྲིག་འཛུགས་ཨུ་ལྷན་གྱིས་རུ་ཁག22གདན་དྲངས་ནས་འགྲན་སྡུར་ནང་ཞུགས་རྒྱུའི་འཆར་གཞི་ཡོད་ཅེས་ཟེར།
འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་མཚོ་སྔོན་པོ་སྐོར་བའི་འགྲན་སྡུར་གྱི་ལམ་ཐིག་དེ་དཀའ་ཚེགས་ཆེ་བ་དང་ས་བབ་མཐོ་བའི་ཁྱད་ཆོས་ལྡན་པའི་རྨང་གཞིའི་སྟེང་། ས་མཐོའི་ཁྱད་ཆོས་ལྡན་པའི་རང་བྱུང་ས་དབྱིབས་གང་ལེགས་མངོན་པ་དང་། སྣ་མང་ཅན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མཉམ་འདྲེས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་བཅས་བྱས་ཏེ། “འཚེ་མེད་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འཆམ་མཐུན། ཉམས་ལེན”བཅས་ཀྱི་འགྲན་སྡུར་གྱི་བརྗོད་བྱ་གཙོ་བོ་དེ་འགྲན་སྡུར་སྒྲིག་འཛུགས་དང་བརྒྱུད་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་མཚོ་སྐོར་འགྲན་སྡུར་དེUCIལས་རིགས་ཀྱི་རིམ་སྤེལ་འགྲན་སྡུར་དུ་ཐོ་འགོད་བྱས་པར་བརྟེན། ཀྲུང་གོ་རྒྱལ་སྤྱིའིAརིགས་ཀྱི་འགྲན་སྡུར་དུ་གཏོགས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།