ཟི་ལིང་དུ་པྲོག་གསར་གདགས་གཤིས་ཅན3ཇེ་མང་དུ་སོང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-04-11 09:18:03
ཀློག་གྲངས།:
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང22པ)
ཟླ4པའི་ཚེས10ཉིན་གྱི་ཆུ་ཚོད20དང་སྐར་མ20སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གདགས་གཤིས་ཅན3ཇེ་མང་དུ་སོང་། ཚང་མ་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་རྙེད་པ་རེད། འབྲེལ་ཡོད་གནས་ཚུལ་ཐད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
ཉིང་སྐྱུར་གདགས་གཤིས་ཅན་ཨང13པ། ཕོ། ལོ63 ལས་ཀ་མེད། འདི་ཉིད་ཟླ4པའི་ཚེས1ཉིན་ནད་རྟགས་ཐག་ཆོད་བྱུང་བའི་ནད་པ་ཨང་དང་པོ་ནས་ལྔ་བ་དག་དང་དུས་མཉམ་དུ་མཁར་ཤར་ཁུལ་དབྱང་ཅཱ་སྲང་ལམ་གསུམ་པའི་ཏུང་ཞང་ལུག་ཤ་ཟ་ཁང་ནས་ཟ་མ་ཟ་མཁན་ཡིན། སྡོད་གནས་ནི་མཁར་ཤར་ཁུལ་གཏེར་ལེན་ཁ་ལམ་གྱི་ཨང145རེད།
ཉིང་སྐྱུར་གདགས་གཤིས་ཅན་ཨང14པ། མོ། ལོ48 ལས་ཀ་མེད། འདི་ཉིད་མཁར་ཤར་ཁུལ་དབྱང་ཅཱ་སྲང་ལམ་གསུམ་པའི་ཏུང་ཞང་ལུག་ཤ་ཟ་ཁང་གི་རྩིས་གཉེར་པ་ཡིན། སྡོད་གནས་ནི་མཁར་ཤར་ཁུལ་ཅིན་ཧྥིན་པིན་ཧི་ཡོན་སྐོར་གཉིས་པའི་ཐོག་ཁང30རེད།
ཉིང་སྐྱུར་གདགས་གཤིས་ཅན་ཨང15པ། མོ། ལོ56 ལས་ཀ་མེད། འདི་ཉིད་མཁར་ཤར་ཁུལ་དབྱང་ཅཱ་སྲང་ལམ་གསུམ་པའི་ཏུང་ཞང་ལུག་ཤ་ཟ་ཁང་གི་དཀར་ཡོལ་བཀྲུ་མཁན་ཡིན། སྡོད་གནས་ནི་ཏུང་ཞང་ལུག་ཤ་ཟ་ཁང་།
མིག་སྔར། གོང་བརྗོད་པྲོག་གསར་གདགས་གཤིས་ཅན་འདི་གསུམ་པོ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཀྱི་རིམས་ནད་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཚད་ལེན། འབྲེལ་འདྲིས་དམ་ཟབ་ཅན་ལ་རྗེས་འདེད་དོ་དམ་བྱེད་པའི་བྱ་བ་དག་སྒྲུབ་བཞིན་ཡོད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ4པའི་ཚེས10ཉིན།
2022ལོའི་ཟླ4པའི་ཚེས10ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།