ཐ་སྙད་བཀས་བཅད་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2022-04-14 10:44:21
ཀློག་གྲངས།:

བོད་ཀྱི་སྐད་ཡིག་ལས་དོན་དེ་བོད་ཀྱི་མི་རིགས་ལས་དོན་དང་སྐད་ཡིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ཀྱི་སྐད་ཡིག་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞི་གལ་ཆེན་ཞིག་ཡིན། དེས་ན་འདས་ཟིན་པའི་ལོ་གཅིག་ནང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས་རང་འགུལ་ངང་བྱས་རྗེས་བཞག་སྟེ་ཐ་སྙད་གསར་པའི་ཡིག་སྒྱུར་ལས་དོན་ལ་མིག་མཐོང་ལག་འཛིན་གྱི་གྲུབ་འབྲས་གསར་པ་མང་དག་ཅིག་གཏོད་ཡོད་དེ། སྤྱི་ལོ2021ལོར་བོད་ཡིག་ཐ་སྙད་གསར་པ་ཡིག་སྒྱུར་བཀས་བཅད་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་སྤྱོད་ཚད་ཅུང་མཐོ་བའི་ཐ་སྙད་གསར་པ900ལྷག་ཙམ་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་ཁུངས་བཙན་ཡོངས་བསྒྲགས་ཀྱི་གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན་སོགས་ཀྱི་སྟེགས་བུ་བརྒྱུད་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཐོག་ད་དུང་རིན་མེད་ངང་གཞི་རིམ་གྱི་སློབ་གྲྭ་དང་ཤང་གྲོང་སོགས་ཚན་པར༼རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང༽དཔར་མ་དེབ་ཁྲི2ཙམ་སྤྲད་ནས་ཐ་སྙད་གསར་པ་བོད་ཡིག་ཏུ་བསྒྱུར་རྒྱུ་ཚད་ལྡན་དང་གཅིག་འགྱུར་ཡོང་འགྱུར་ནུས་པ་གལ་ཆེན་ཐོན་པ་བྱས་ཡོད།

ལས་དོན་པས་གཞི་རིམ་ལ་བསྐུར་བྱེད་ཀྱི་རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང་དེབ་དཔར་མ་གྲ་སྒྲིག་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཐ་སྙད་གསར་པ་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཐེངས5འཚོགས་ནས་ཐ་སྙད་གསར་པ400ལྷག་ཙམ་ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་ལྷག་པར་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་གཅིག་གྱུར་དང་ཡང་དག་ངང་སྤྱོད་ཆེད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)བཀས་བཅད་ཁྲུའུ་ཡིས་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་དུས་ཐོག་ཏུ་ཆེད་དོན་ཡིག་སྒྱུར་ཞིབ་བཤེར་གཏན་འབེབས་ཚོགས་འདུ་འཚོགས་ནས་མཐར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད73ཞིབ་བཤེར་གཏན་འབེབས་བྱས་པ་དང་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཐ་སྙད་ཡིག་སྒྱུར་གཅིག་གྱུར་དང་ཚད་ལྡན་ངང་སྤྱོད་རྒྱུར་སྔར་བས་སྐུལ་འདེད་བཏང་བས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཆ་འཕྲིན་དང་ལུས་རྩལ་ཤེས་བྱ་དུས་ཐོག་ཏུ་ཤེས་རྟོགས་ཡང་དག་བྱ་རྒྱུ་དང་རྒྱལ་ཁབ་ལ་བློ་ཁ་ཕྱོགས་ཤུགས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ནུས་པ་ཤུགས་ཆེན་ཐོན་ཡོད་པ་རེད།

གཞི་རིམ་ལ་བསྐུར་བྱེད་ཀྱི་རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང་དེབ་དཔར་མ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།