«མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག»ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-04-18 09:38:58 ཀློག་གྲངས།:
        ཟླ4ཚེས13ཉིན་མི་དམངས་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གཞུང་སྒྲུབ་ཐིང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། «མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག»(གཤམ་ནས«སྲོལ་ཡིག»ཅེས་འགོད་རྒྱུ)གི་ཁྲིམས་འཛུགས་དོན་སྙིང་དང་། གོ་རིམ། ནང་དོན་གལ་ཆེན་སྐོར་མཚམས་སྦྱོར་བྱས། «སྲོལ་ཡིག»དེ་ནི2022ལོའི་ཟླ3ཚེས29ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སུམ་ཅུ་བའི་གྲོས་ཞིབ་ཚོགས་འདུ་ཐེངས་གསུམ་པའི་སྟེང་དུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། 2022ལོའི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
        མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་བའི་འགན་འཁྲི་ལྕི་ཞིང་དཀའ་ཚེགས་ཆེ། «སྲོལ་ཡིག»འདི་ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་དང་། སྤྱི་འདོམས་རང་བཞིན། ཕྱོགས་བསྡུས་རང་བཞིན་ལྡན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན་པའི་ཆ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་དུ་འགྱུར་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་བསྣོན་དང་། འབག་བཙོག་འགོག་བཅོས་ཀྱི་འགག་སྒོ་རྩ་གཏོར། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་བཅས་ལ་ཁྲིམས་སྐྱོང་གི་འགན་སྲུང་དང་། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ཇེ་ལེགས་དང་མི་དམངས་ཀྱི་ཉིན་རེར་འཕེལ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་ལེགས་པའི་དགོས་མཁོ་བསྐང་བར་ལམ་ལུགས་ཀྱི་འདེགས་སྐྱོར་བཅས་མཁོ་འདོན་བྱས།
        «སྲོལ་ཡིག»ཡོངས་སྤྱི་དོན་དང་། ལྟ་སྐུལ་དོ་དམ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བསྒྱུར། འབག་བཙོག་དང་འཚེ་བ་གཞན་དག་འགོག་བཅོས། ཆ་འཕྲིན་ཕྱི་གསལ་ནང་གསལ་དང་མང་ཚོགས་ནང་ཞུགས། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ས་བཅད་བདུན་དང་དོན་ཚན་བདུན་ཅུའི་གྲུབ། གཙོ་བོ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ས་ཁོངས་མཉམ་འབྲེལ་གྱི་འགོག་སྲུང་ཚོད་འཛིན་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐུལ་འདེད་གཏང་བ་དང་། ཚན་རིག་དང་མཐུན་པའི་འབག་བཙོག་འགོག་བཅོས་དང་། འགོག་བཅོས་གནད་ལ་འཁེལ་བ། འགོག་བཅོས་ཁྲིམས་བཞིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ཀྱི་གཉའ་ཤིང་བཙན་པོ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཕྱོགས་བཞིའི་གྲུབ།
        སླད་ཕྱིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས«སྲོལ་ཡིག»གི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། སྒྲིག་འཛུགས་ཐོག«སྲོལ་ཡིག»སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་གཡོ་བ། གོ་སྐབས་དམ་འཛིན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ལེན་པ་བཅས་ཕྱོགས་གསུམ་ནས་ལས་འགན་དངོས་ལ་སྦྱར་ཏེ། «སྲོལ་ཡིག»སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།