མཚོ་ལྷོ་ཁུལ་གྱིས་ཟི་ལིང་དུ་རིམས་འགོག་དངོས་རྫས་བསྐྱལ།
རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-04-19 10:42:12
ཀློག་གྲངས།:
ཟླ4པའི་ཚེས18ཉིན། མཚོ་ལྷོ་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་ལ་རིམས་འགོག་དངོས་ཟོག་གི་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་དངོས་ཟོག་ཁྲོད་གཙོ་བོ་སྐམ་ཤ་དང་ལུག་ཤ། འོ་མ། སྐོམ་ཆུ་དང་འཐུང་ཆུ། སྔོ་ཚལ་སོགས་ཁྱོན10500ཡོད་པ་དང་། སྤྱིའི་རིན་ཐང་སྒོར་འབུམ8དང་སྟོང1ཟིན། དངོས་ཟོག་འདི་དག་དེ་རིང་ཉིན་གུང་ཟི་ལིང་གྲོང་ཁྱེར་ལ་འབྱོར་རྒྱུ་རེད།

མཛད་སྒོའི་ཡུལ་དངོས།
ད་ཐེངས་ཀྱི་ཞལ་འདེབས་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་ཚན་རིག་དང་མཐུན་པའི་སྒྲིག་བཀོད་འོག མཚོ་ལྷོ་ཁུལ་གྱིས་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་བརྩེ་སེམས་དྲོན་མོ་མངོན་པར་བྱས་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་ཕན་ཚུན་ལྟ་རྟོག་དང་། ཕྱར་བ་གྲུ་འདེགས་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། ཁུལ་ཏང་ཨུའི་ཧྲུའུ་ཅི་ལུའི་ཀང་གིས་རོགས་སྐྱོར་དངོས་ཟོག་དྲུད་པའི་རླངས་འཁོར་གཏོང་བའི་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ་དང་འབྲེལ། མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་སྤུན་ཟླ་འབུམ4དང་ཁྲི4སྟོང7གྱིས་ཟི་ལིང་གྲོང་ཁྱེར་སྔ་མོ་ནས་ནད་ཡམས་ལས་རྣམ་པར་རྒྱལ་བར་སེམས་པ་འཕྲེང་བཞིན་ཡོད་ལ་རྒྱབ་སྐྱོར་བརྟན་པོ་གནང་སྲིད་ཅེས་བརྗོད།

ཁུལ་རིམ་པའི་འགོ་ཁྲིད་དག་གིས་རིམས་འགོག་ཞལ་འདེབས་དངོས་ཟོག་ལ་གཟིགས་ཞིབ་གནང་བཞིན་པ།

རོགས་སྐྱོར་དངོས་ཟོག་དྲུད་པའི་རླངས་འཁོར་དག་ལམ་དུ་ཆས་མགོ་བརྩམས་པ།

རྫོང་རིམ་པ་ཡན་གྱི་ལས་བྱེད་རྣམས་རིམས་འགོག་དངོས་རྫས་སྐྱེལ་འདྲེན་གྱི་རླངས་འཁོར་གཏོང་བའི་མཛད་སྒོའི་སྟེང་ཞུགས་པ།

ཟླ4འི་ཚེས17ཉིན་གྱི་ཕྱི་དྲོར། རོགས་སྒྲུབ་དངོས་རྫས་བསྡུ་ཉར་བྱེད་བཞིན་པ།

ཟླ4འི་ཚེས17ཉིན་གྱི་ཕྱི་དྲོར། རོགས་སྒྲུབ་དངོས་རྫས་བསྡུ་ཉར་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།