ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་པོའི་ལྗོངས་ཁུལ་ལ་ཡང་བསྐྱར“ཀྲུང་གོའི་པར་ལེན་གསར་རྩོམ་རྟེན་གཞི”ཞེས་པའི་གཟི་བརྗིད་མཚན་སྙན་གནང་།
མཚོ་སྔོན་པོའི་ལྗོངས་ཁུལ་ལ་ཡང་བསྐྱར“ཀྲུང་གོའི་པར་ལེན་གསར་རྩོམ་རྟེན་གཞི”ཞེས་པའི་གཟི་བརྗིད་མཚན་སྙན་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-04-29 09:06:16
ཀློག་གྲངས།:
ཟླ4ཚེས22ཉིན། གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཀྲུང་གོའི་པར་ལེན་མཁན་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ལས་ཁུངས10ལ“ཀྲུང་གོའི་པར་ལེན་གྱི་ཕ་ས”ཞེས་པའི་མཚན་སྙན་དང་། ལས་ཁུངས30ལ“ཀྲུང་གོའི་པར་ལེན་གསར་རྩོམ་རྟེན་གཞི”ཡི་མཚན་སྙན་གནང་བ་དང་ཆབས་ཅིག་ཡང་བསྐྱར་སྒོ་བྱང་སྤྲད་ལ། མཚོ་སྔོན་པོའི་ལྗོངས་ཁུལ“ཀྲུང་གོའི་པར་ལེན་གསར་རྩོམ་རྟེན་གཞི”ཡི་མིང་ཐོར་ཚུད།
མཚོ་སྔོན་པོ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཡུལ་ལྗོངས་ཁྱད་དུ་འཕགས་ལ། ལོ་རྒྱུས་རིང་བའི་རྩོལ་བྱུང་གི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པས། པར་ལེན་མཁན་རྣམས་ཀྱིས་པར་ལེན་བརྩམས་ཆོས་འཚོལ་སྡུད་བྱེད་སའི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན། 2014ལོར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་ལ“ཀྲུང་གོའི་པར་ལེན་གསར་རྩོམ་རྟེན་གཞི”ཡི་མཚན་སྙན་གནང་བ་ནས་བཟུང་། ལྗོངས་ཁུལ་གྱིས་ཀྲུང་གོའི་པར་ལེན་མཁན་མཐུན་ཚོགས་ཀྱི་ཚོགས་མིས་པ་སེ་ཉོ་མི་དགོས་པར་རིན་མེད་ངང་ནས་པར་ལེན་བརྩམས་ཆོས་འཚོལ་སྡུད་ཆོག་པའི་འོས་འགན་ལག་བསྟར་བྱས་ཏེ། བསྟུད་མུར“རྨི་ལམ་ནང་གི་མཚོ་སྔོན་པོ”ཞེས་པའི་སྐྱེ་ཁམས་པར་ལེན་འགྲན་སྡུར་སྤེལ་ནས་མཚོ་སྔོན་པོའི་རིག་གནས་ཚོང་རྟགས་བཏོད།
པར་ལེན་མཁན་རྣམས་ཀྱི་སྒྱུ་རྩལ་གསར་རྩོམ་ལ་བརྟེན་ནས་མཚོ་སྔོན་པོའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ་དང་ལེགས་སྒྲིག་བཟང་པོ་བྱས་ཡོད་པས། སྤྱི་ཚོགས་ཡོངས་ལ“སྣོད་བཅུད་ཀྱི་མཚོ་སྔོན་པོ”“རིག་གནས་ཀྱི་མཚོ་སྔོན་པོ”ཞེས་པའི་ཁྱད་ཆོས་དང་ནང་དོན། མཚོ་སྔོན་པོའི“རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་འཁྱགས་རོམ་བྱེ་ཀློང་”བཅས་ཀྱི་སྣོད་བཅུད་ཀྱི་མ་ལག་ཆ་ཚང་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཅི་དགར་མངོན་མཚོན་བྱས་ཏེ། རིམ་པ་མཐོ་ལ་ཁྱབ་རྒྱ་ཆེ་བའི་སྒོ་ནས་མཚོ་སྔོན་པོ་དྲིལ་སྒྲོག་བརྒྱུད་འོས་སྦྱོར་བཟང་པོ་བྱས་པས། མཚོ་སྔོན་པོའི་མཚན་སྙན་ཇེ་ཆེར་ཕྱིན་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལ་ཆ་རྐྱེན་བསྐྲུན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།